འཚོལ་བཤེར།   
藏文频道
2024ལོའི་ཟླ་9ཚེས་28ཉིན།

༄༅།།མཚོ་དམག་གི་དམག་གྲུ་རྒྱལ་སྤྱིའི་མཚོ་དམག་དུས་ཆེན་གྱི་བྱེད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 09ཚེས་27ཉིན། 15:11】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཟླ་9ཚེས་26ཉིན་གྱི་ཕྱི་དྲོར། རྒྱལ་སྲུང་པུའུ་ཡིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་འཚོགས་པ་དང་། རྒྱལ་སྲུང་པུའུ་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་རྒྱལ་སྲུང་པུའུ་གསར་འགྱུར་མགྲིན་ཚབ་པ་ཏ་ཞའོ་ཀྲང་ཞའོ་ཀང་གིས་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་རེད།

ལྷོ་ཨ་ཧྥེ་རི་ཁའི་མཚོ་དམག་གི་གདན་ཞུས་ལྟར། ཟླ་10པའི་ཟླ་སྟོད་དུ་ཀྲུང་གོའི་མཚོ་དམག་གི་མཚོ་འགྲུལ་སྲུང་སྐྱེལ་རུ་ཁག་ཁག་46པའི་ཞུས་ཁྲང་དམག་གྲུ་ལྷོ་ཨ་ཧྥེ་རི་ཁའི་ཁའེ་ཕུའུ་ཏུན་དུ་རྒྱལ་སྤྱིའི་མཚོ་དམག་དུས་ཆེན་ལ་ཞུགས་རྒྱུ་རེད། དེའི་རིང་ཞུས་ཁྲང་དམག་གྲུ་རྒྱལ་སྤྱིའི་དམག་གཟིགས་མཛད་སྒོ་དང་དམག་གྲུའི་སྒོ་དབྱེའི་ཉིན་མོ་སོགས་ཀྱི་བྱེད་སྒོའི་ནང་ཞུགས་རྒྱུ་དང་འབྲེལ་ལྷོ་ཨ་ཧྥེ་རི་ཁའི་མཚོ་དམག་དང་མཚོ་ཐོག་མཉམ་འཁྲབ་བྱ་རྒྱུ་རེད།