གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 09ཚེས་27ཉིན། 10:02】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ཞ་མོན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བརྙན་འཕྲིན་འཁྲབ་ཚན་གྱི་སྐབས་སོ་བཞི་པའི“ཧྥེ་ཐེན་བྱ་དགའ”དང་བརྙན་འཕྲིན་རིག་རྩལ་གྱི་སྐབས་ཉེར་བརྒྱད་པའི“སྐར་འོད་བྱ་དགའ”སྤྲོད་པའི་མཛད་སྒོ་ཧྥུའུ་ཅན་ཞ་མོན་གྲོང་ཁྱེར་དུ་གཉེར་བ་རེད།
ད་ཐེངས་ཀྱི“ཧྥེ་ཐེན་བྱ་དགའ”དང“སྐར་འོད་བྱ་དགའི”དཔྱད་འདེམས་ཁྱབ་ཁོངས་ནི་2022ལོ་ནས་2023ལོའི་བར་གྱི་བརྙན་འཕྲིན་འཁྲབ་ཚན་དང་བརྙན་འཕྲིན་རིག་རྩལ་ལེ་ཚན་ཡིན་ཞིང་། “ཧྥེ་ཐེན་བྱ་དགའི”ནང《མཐའ་ཡས་ལ་འདྲི་བ》དང་། 《མི་ཡུལ》 《མེ་ཏོག་སྣ་ཚོགས》 《སུམ་གཟུགས》 《ནམ་དུས་རིང་པོ》 《རླུང་དམར》སོགས་ཕུལ་བྱུང་བརྙན་འཕྲིན་འཁྲབ་ཚན་གྱི་བྱ་དགའ་ཁྱོན་16དཔྱད་འདེམས་བྱས་ཤིང་། 《མི་ཡུལ》གྱི་འཁྲབ་ཁྲིད་པ་ལི་ལུའུ་ལ་ཕུལ་བྱུང་འཁྲབ་ཁྲིད་པའི་བྱ་དགའ་ཐོབ་པ་དང་། 《རྫོང་ཨུད་ཀྱི་སྒོ་ར་ཆེན་པོའི》འཁྲབ་གཞུང་རྩོམ་པ་པོ་ཝང་ཞའོ་ཆང་ལ་ཕུལ་བྱུང་འཁྲབ་གཞུང་རྩོམ་པ་པོའི་བྱ་དགའ་ཐོབ་པ། 《མི་ཡུལ》གྱི་སྐྱེས་པ་འཁྲབ་མཁན་ལེ་ཅ་དབྱིན་ལ་ཕུལ་བྱུང་སྐྱེས་པའི་འཁྲབ་སྟོན་པའི་བྱ་དགའ་ཐོབ་པ། 《པན་ཞ་ཡི་འཚར་ལོངས》བུད་མེད་འཁྲབ་སྟོན་པ་ཀྲའོ་ལི་དབྱིན་ལ་ཕུལ་བྱུང་བུད་མེད་འཁྲབ་སྟོན་པའི་བྱ་དགའ་ཐོབ་པ་རེད། “སྐར་འོད་བྱ་དགའི”ནང་ཕུལ་བྱུང་བརྙན་འཕྲིན་ཕྱོགས་བསྡུས་སྒྱུ་རྩལ་ལེ་ཚན་གྱི་བྱ་དགའ་དང་། ཕུལ་བྱུང་བརྙན་འཕྲིན་ཁྲང་ཞིའི་ལེ་ཚན་གྱི་བྱ་དགའ། ཕུལ་བྱུང་བརྙན་འཕྲིན་དངོས་མཚོན་པར་གཞིའི་བྱ་དགའ། ཕུལ་བྱུང་བརྙན་འཕྲིན་རིག་རྩལ་ལེ་ཚན་གྱི་བྱ་དགའ། ཕུལ་བྱུང་ལོ་ཆུང་བྱིས་པའི་བརྙན་འཕྲིན་ལེ་ཚན་གྱི་བྱ་དགའ། ཕུལ་བྱུང་བརྙན་འཕྲིན་འགུལ་རིས་ལེ་ཚན་གྱི་བྱ་དགའ་སོགས་རིགས་ཆེན་པོ་6གི་བརྙན་འཕྲིན་ལེ་ཚན་གྱི་བྱ་དགའ་ཁྱོན་14དཔྱད་འདེམས་བྱས་པ་རེད།