གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 09ཚེས་27ཉིན། 10:01】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་གསར་འགོད་པར་ཁྲིམས་འཛིན་པུའུ་ནས་ཤེས་རྟོགས་བྱུང་བར། གསར་དུ་བཟོ་བཅོས་བརྒྱབ་པའི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་2024ལོའི་ཟླ་1ཚེས་1ཉིན་དངོས་སུ་ལག་བསྟར་བྱས་ཚུན། རིམ་ཁག་སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་ལས་སྒོ་གསར་པ་དང་། གོ་རིམ་གསར་པ། ལམ་སྲོལ་གསར་པ་བཅས་ལག་བསྟར་ཧུར་ཐག་བྱས་ནས་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞི་དག་སྤུས་ཚད་དང་ལས་ཕྱོད་གཉིས་ལྡན་གྱིས་སྒྲུབ་གཉེར་བྱས་ཡོད། ལོ་སྟོད་དུ་རྒྱལ་ཡོངས་ནས་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞི་ཁྲི་29.2གསར་དུ་འབྱོར་བ་དེ་དུས་མཚུངས་ལས་150%འཕར་ནས་དུས་མཚུངས་ཀྱི་འདྲི་གཅོད་དང་པོའི་སྲིད་འཛིན་གཏུག་བཤེར་གྱོད་གཞིའི་གྲངས་འབོར་གྱི་ལྡབ་2ཟིན་པ་དང་། ཁྲིམས་འགལ་དང་ཚུལ་མིན་སྲིད་འཛིན་བྱེད་སྤྱོད་ཁྲི་2.4ཡོ་བསྲང་བྱས་ཡོད། འདུམ་འགྲིག་དང་། ཞི་བས་མཐུན་འགྲིག རེ་ཞུ་ཕྱིར་འཐེན་བཅས་ཀྱི་བྱེད་ཐབས་སྤྱད་ནས་གྱོད་གཞི་ཁྲི་6.4སྒྲུབ་གཉེར་བྱས་པ། རྩོད་གཞི་ཁྲི་20.2ལ་བསྐྱར་གྲོས་བྱས་རྗེས་ཡང་བསྐྱར་སྲིད་འཛིན་གཏུག་བཤེར་བྱེད་མི་དགོས་པར་གྱོད་ཐག་གཅོད་ཐུབ་ཡོད། སྲིད་འཛིན་བསྐྱར་གྲོས་བརྒྱུད་སྲིད་འཛིན་རྩོད་གཞི་སེལ་ཐབས་གཙོ་བོ་གཏོད་པར་གྲུབ་འབྲས་གསར་པ་ཐོབ་ཡོད།