གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 09ཚེས་26ཉིན། 14:54】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཨ་རིས་ཁྱབ་བསྒྲགས་བྱས་པའི་ཀྲུང་གོའི་དྲ་སྦྲེལ་རླངས་འཁོར་གྱི་མཉེན་ཆས་དང་མཁྲེགས་ཆས་ཚད་བཀག་དང་། དེ་བཞིན་རླངས་འཁོར་ཧྲིལ་པོར་འབྲེལ་བ་ཡོད་པའི་སྒྲིག་སྲོལ་ཐད་ཀྱི་གསར་འགོད་པའི་དྲི་བར་ཚོང་དོན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པས་ལན་བཏབ་པ་རེད།
དྲི་བ། ས་གནས་དེ་གའི་དུས་ཚོད་ཟླ་9པའི་ཚེས་23ཉིན། ཨ་རིའི་ཚོང་དོན་པུས་ཀྲུང་གོའི་དྲ་སྦྲེལ་རླངས་འཁོར་གྱི་མཉེན་ཆས་དང་མཁྲེགས་ཆས་ཚད་བཀག་དང་། དེ་བཞིན་རླངས་འཁོར་ཧྲིལ་པོའི་འཆར་འགོད་སྒྲིག་སྲོལ་ཡོངས་བསྒྲགས་བྱས། ཚོང་དོན་པུས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
དྲིས་ལན། ཨ་རི་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་འཆར་འགོད་སྒྲིག་སྲོལ་ལ་ཀྲུང་གོ་ཕྱོགས་ནས་དོ་སྣང་བྱུང་། ཨ་རིའི་ཚོང་དོན་པུས་ཀྲུང་གོའི་དྲ་སྦྲེལ་རླངས་འཁོར་གྱི་མཉེན་ཆས་དང་མཁྲེགས་ཆས། དེ་བཞིན་རླངས་འཁོར་ཧྲིལ་པོ་ཨ་རིར་སྤྱོད་རྒྱུར་ཚོད་འཛིན་བྱ་རྩིས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཉེ་བའི་ལོ་ཤས་རིང་། ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་རླངས་འཁོར་ལ་སྒོ་ཁྲལ་འཕར་མ་བསྡུ་བ་དང་། སྲིད་གཞུང་གི་ཉོ་སྒྲུབ་ནང་ཞུགས་རྒྱུར་ཚོད་འཛིན་བྱེད་པ། མཐོང་ཆུང་རང་བཞིན་གྱི་ཁ་གསབ་སྲིད་ཇུས་འདོན་པ་བཅས་བྱས་ཡོད། ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ཁ་གཡར་ཡོངས་བསྒྲགས་བྱེད་པའི་ནོར་འཁྲུལ་གྱི་བྱེད་སྟངས་མཚམས་འཇོག་དང་། འབྲེལ་ཡོད་ཚོད་འཛིན་བྱེད་ཐབས་འཕྲལ་མར་མེད་པར་བཟོ་བ། ཀྲུང་གོའི་ཁེ་ལས་ལ་ཁུངས་ལུང་མེད་པའི་གནོན་ཤུགས་སྤྲོད་པ་བཅས་མཚམས་འཇོག་བྱ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་སྐུལ་མ་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ཀྲུང་གོའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།