འཚོལ་བཤེར།   
藏文频道
2024ལོའི་ཟླ་9ཚེས་23ཉིན།

༄༅།།སྐད་ཆ“རྡོག་རྡོག”བཤད། ཕན་འབྲས་ཐོན་པར་བྱས། མི་སེམས་གཅིག་ཏུ་སྒྲིལ།

—— ཧྥུའུ་ཅན་དང་། ཁྲུང་ཆིང་། སི་ཁྲོན། ཉིང་ཞ་བཅས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 09ཚེས་23ཉིན། 10:16】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཉིན་ཤས་བསྟུད་མར། ཧྥུའུ་ཅན་དང་། ཁྲུང་ཆིང་། སི་ཁྲོན། ཉིང་ཞ་བཅས་ས་གནས་ཁག་གི་སྒྲོག་འགྲེལ་ཚོགས་པས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་རྒྱུ་མཐའ་འཁྱོངས་དང་། སྒྲོག་འགྲེལ་གྱི་རྣམ་པ་གསར་གཏོད། རིགས་དབྱེ་དང་ཚོགས་དབྱེ་མངོན་གསལ་དོད་པོ་བཅས་བྱས་ཏེ་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་སྟངས་ཐོག་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ་ལས་རིགས་ཁག་གི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་སྟོབས་ཤུགས་འཕེལ་བར་སྐུལ་འདེད་བཏང་བ་རེད།

     ཟླ་7ཚེས་30ཉིན་ནས་ཧྥུའུ་ཅན་ཞིང་ཨུད་ཀྱི་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་ཚོགས་ཆུང་23ས་ཁུལ་ཁག་ཏུ་བསྐྱོད་དེ་གཅིག་སྡུད་སྒྲོག་འགྲེལ་དང་ཕན་ཚུན་སྤེལ་རེས་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཧྥུའུ་ཅན་དུ་ཁྱབ་རྒྱུར་སྐུལ་འདེད་བཏང་སྟེ་མི་སེམས་ལ་ཟུག་པར་བྱས་པ་རེད། ཟླ་9ཚེས་14ཉིན་བར་ཞིང་ཆེན་ཡོངས་སུ་ཚོགས་དབྱེ་ཅན་དང་ཁ་གཏད་ཅན་གྱི་སྒྲོག་འགྲེལ་ཐེངས་ཁྲི་3.2ལྷག་ཙམ་བྱས་པར་མང་ཚོགས་མི་ཐེངས་ཁྲི་100ལྷག་ཙམ་ལ་ཐད་ཀར་ཕན་པ་ཐོབ་ཡོད་པ་རེད།

     ཁྲུང་ཆིང་གི་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཁོང་དུ་ཡང་དག་ཆུད་པ་དང་། གོ་བ་གཏིང་ཟབ་ལེན་པ། ཁྱོན་ཡོངས་ནས་ལག་བསྟར་བཅས་བྱེད་པར་རོགས་རམ་བྱ་ཆེད། ཁྲུང་ཆིང་གིས་རིམ་པ་མང་བ་དང་། ལངས་གཟུགས་ཅན། ཕན་ཚུན་མཉམ་འགུལ་བཅས་ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཞིང་། རིམ་རྩིས་བརྒྱབ་ན། རིམ་པ་ཁག་དང་རིགས་ཁག་གི་སྒྲོག་འགྲེལ་ཐེངས་ཁྲི་2ལྷག་ཙམ་བྱས་པར་མང་ཚོགས་མི་ཐེངས་ཁྲི་180.7ལྷག་ཙམ་ལ་ཐད་ཀར་ཕན་པ་ཐོབ་ཡོད་པ་རེད།

     “གྲོང་གསེབ་དར་རྒྱས་ནི་འགག་རྩ་ཡིན། ང་ཚོའི་ཇའི་ཐོན་ལས་ནི‘གསེར་གྱི་ལྡེ་མིག’ལྟ་བུ་ཡིན་པས་ཚང་མའི་ཕྱུག་འགྱུར་གྱི་སྒོ་མོ་འབྱེད་ཐུབ”ཅེས་འབོད་སྒྲ་བསྒྲགས་མ་ཐག་གྲོང་མི་མང་པོ་རུབ་འོང་། ཉེ་ཆར་ཁྲུང་ཆིང་གྲོང་ཁྱེར་ཡུང་ཁྲོན་ཆུས་ཡུང་རུང་གྲོང་རྡལ་གྱི་སྒོ་ར་ཞིག་ཏུ་ཡུང་ཁྲོན“གཞོན་ནུའི་གསོན་ཤུགས”སྒྲོག་འགྲེལ་རུ་ཁག་གིས་རྩོམ་སྒྲིག་ཞིབ་ཚགས་བྱས་པའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དྲིལ་བསྒྲགས་བྱེད་པའི་གནས་ཚུལ་དངོས་མཚོན་ཟློས་གར་འཁྲབ་སྟོན་བྱེད་བཞིན་ཡོད་པ་རེད།

      ཟླ་8ཚེས་28ཉིན་མཚོ་བོད་ས་མཐོའི་ཤར་ལྷོའི་མཚམས་ཀྱི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་སྙན་སྒྲོན་ཞིག་བྱས་པ་དང་། ཀྲོའུ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གི་ཏང་ཡོན་དང་ལས་བྱེད་པའི་འཐུས་མི་ཁྱོན་240ས་གནས་ས་ཐོག་ཏུ་སྙན་སྒྲོན་ཚོགས་འདུར་ཞུགས་པ་རེད། ཚོགས་འདུར་ཞུགས་མཁན་ཚོས་ནན་ཏན་ངང་ཉན་པ་དང་ནུས་ཤུགས་ཡོད་རྒུས་ཟིན་ཐོ་བཀོད།

     “ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྐབས་གནད་དོན་ཆུང་ཙག་མང་པོ་དཔེ་དྲངས་བས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་རྒྱུས་མངའ་ཆེ་རུ་ཕྱིན་སོང”ཞེས་དཀར་མཛེས་ཀྲོའུ་རིག་གནས་ཡུལ་སྐོར་ཚོགས་པའི་ཏང་ཨུད་ཀྱི་ཨུ་ཡོན་སྤྱི་ཁྱབ་ཅིང་ལི་གཞོན་པ་བཟང་པོས་དེ་ལྟར་བཤད་པ་དང་། ཁོང་གིས། རིག་གནས་ཡུལ་སྐོར་ནི་དཀར་མཛེས་ཀྲོའུ་ཡིས་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་པའི“ཐོན་ལས་ཀྱི་ལས་དོན་ཆེན་པོ་གསུམ”གྱི་གྲས་ཤིག་རེད། “གོམ་སྟབས་རྗེས་མར་ང་ཚོས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གོ་སྐབས་སུ་བྱས་ནས་སྤུས་རྟགས་མཛེས་ལྗོངས་ཁུལ་ཧུར་ཐག་གཏོད་པ་དང་། དཀར་མཛེས་ཀྱི་ཁུལ་ཁོངས་ཧྲིལ་པོའི་ལམ་ཐིག་བསྡུ་སྒྲིལ་ཡག་པོ་བྱེད་པ། གཉེར་ཚོང་གི་བསམ་ཕྱོགས་གསར་གཏོད་བྱེད་པ་བཅས་ལ་བརྟེན་ནས་དཀར་མཛེས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཆེན་པོ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་བཤད།

      སི་ཁྲོན་དུ་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སྒྲོག་འགྲེལ་དང་། གཅིག་སྡུད་སྒྲོག་འགྲེལ། དྲ་རྒྱའི་སྒྲོག་འགྲེལ།“ཚལ་ཐོ་རྣམ་པའི”སྒྲོག་འགྲེལ། “འདུན་ཆེའི་པ་ཧྲུའུ”ཡི་སྐོར་སྐྱོད་སྒྲོག་འགྲེལ་ཐེངས་བརྒྱ། གཞི་རིམ་སྒྲོག་འགྲེལ་བཅས་ཕྱོགས་དྲུག་གི་ཐད་ནས་ཤུགས་བརྒྱབ་སྟེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་བ་རེད། མིག་སྔའི་བར་ས་གནས་ཁག་དང་ཁོངས་གཏོགས་ཁག་གིས་གཞི་རིམ་དུ་སྒྲོག་འགྲེལ་ཐེངས་ཁྲི་1.4ལྷག་ཙམ་བྱས་པར་མང་ཚོགས་ཁྲི་280ལྷག་ཙམ་ལ་ཐད་ཀར་ཕན་པ་ཐོབ་ཡོད་པ་རེད།

      ཟླ་9ཚེས་12ཉིན་གྱི་ཕྱི་དྲོ། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་དབྱིན་ཁྲོན་གྲོང་ཁྱེར་ཤིན་ཆིང་ཆུས་ཀྲུང་ཧྲན་ལྷོ་སྲང་ལམ་ཧྥུའུ་ཆང་སྡེ་ཁུལ་ཧུང་ཡུན་གྲོང་གསར་ཁུལ་ཆུང་གི“ཁྱིམ་མཚེས་མཉམ་འཛོམས་སློབ་ཁང”དུ་རྣམ་པ་གསར་རྐྱང་གི“སྒོ་རའི་སྒྲོག་འགྲེལ་ཆུང་ངུ”བྱེད་བཞིན་ཡོད་པ་དང“མི་སེར་གྱི་གྲགས་ཅན་སྒྲོག་འགྲེལ་པས”ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་འགྲེལ་བཤད་གོ་བདེ་པོ་བརྒྱབ་ཅིང་། གྲོང་མི་20ལྷག་ཙམ་རུབ་རུབ་ཏུ་བསྡད་དེ་ཉན་པ་རེད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་20ཉིན་འབྱོར་བའི་གློག་འཕྲིན)