འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་མིང་ཧྥེང་།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 09ཚེས་23ཉིན། 10:15】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
“གྲོང་ཚོ་ཇི་ཙམ་འཛུགས་སྐྲུན་བྱས་པ་དེ་ཙམ་གྱིས་མཛེས་སུ་ཕྱིན་པས། སྤྲོ་གསེང་ལྟ་སྐོར་དུ་ཡོང་མཁན་ཡུལ་སྐོར་བ་ཡང་ཇེ་མང་དུ་ཕྱིན་སོང”ཞེས་སི་ཁྲོན་ཞིང་ཆེན་ཀོང་ཡོན་གྲོང་ཁྱེར་ཆིང་ཁྲོན་རྫོང་ཆའོ་ཀྲོང་གྲོང་རྡལ་ཏཱ་ཀོའུ་གྲོང་ཚོའི་ཞིང་དུད་སྤྲོ་སྐྱིད་ཁང་གི་གཉེར་སྐྱོང་བ་ཀྲའོ་ཙེ་ཧན་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཞོར་དགའ་ལྷང་ལྷང་དུ་བཤད།
ཏཱ་ཀོའུ་གྲོང་ཚོ་ནི་ཆིང་ཁྲོན་རྫོང་གྲོང་གི་ཆུ་འགོ་ཁུལ་དང་ལྡུམ་ར་རྒྱབ་མ་ཡིན་པས་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད། 2023ལོའི་ཟླ་གསུམ་པར། མཉམ་སྡེབ་དཔལ་འབྱོར་གྱི་རོགས་སྐྱོར་རྣམ་གྲངས་ཏཱ་ཀོའུ་གྲོང་ཚོར་དོན་འཁྱོལ་བྱས་ནས་གྲོང་ཚོ་དེ་གར་གྲོང་མིའི་དམངས་སྲོལ་གནས་ཚང་ཞིག་རྒྱག་རྒྱུའི་གཏན་འབེབས་བྱས་པར་ཁྱོན་མ་དངུལ་སྒོར་ཁྲི་150བཏང་། གྲོང་མི་ཚོས་གནས་ཚུལ་དེ་ཤེས་རྗེས་དགའ་ཚོར་ཆེན་པོ་བྱུང་བ་དང་ཆབས་ཅིག་མ་འཇོག་གནད་ལ་འཁེལ་ཨེ་ཡོང་སྙམ་པའི་སེམས་ཁྲལ་ཡང་བྱས།
དམངས་སེམས་དང་དམངས་འདོད་ནི་བྱ་སྤྱོད་སྤེལ་བའི་ཁ་ཕྱོགས་ཡིན། ཆིང་ཁྲོན་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་རྣམ་གྲངས་དེར་ལྟ་སྐུལ་ནན་པོ་བྱས་ཐོག་ཆའོ་ཀྲོང་གྲོང་རྡལ་ལ་རྣམ་གྲངས་དེ་དྲ་ཐོག་ནས་ཡོངས་བསྒྲགས་འོས་སྐུལ་བྱ་རྒྱུའི་སྐུལ་འདེད་བཏང་སྟེ་སྲིད་གཙང་གི་ཉེན་ཁ་ཆུང་དུ་ཏན་ཏིག་བཏང་བ་དང་། མིག་སྔར་རྣམ་གྲངས་དེའི་ལས་གྲྭ་གཙོ་བོ་ལས་མཇུག་འགྲིལ་ཞིང་། འཆར་གཞི་ལྟར་ན་ད་ལོའི་ཟླ་བཅུ་པར་དངོས་སུ་ཕྱི་ཕྱོགས་ལ་ལས་གཉེར་བྱེད་ཐུབ་རྒྱུ་ཡིན་པ་རེད།
གྲོང་ཚོའི(སྡེ་ཁུལ)མཉམ་སྡེབ་ཀྱི“མ་རྩ་གསུམ”(མ་དངུལ། རྒྱུ་ནོར། ཐོན་ཁུངས)མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད། ས་གནས་དེ་གས་མཉམ་སྡེབ་ཀྱི་མ་དངུལ་གསུམ་ལ་ཞིབ་བཤེར་བྱེད་པའི་བྱ་སྤྱོད་དུས་གཅིག་ཏུ་སྤེལ་ནས་གྲོང་ཚོ(སྡེ་ཁུལ)ཁག་གི་ལས་འཁྱུར་ངལ་གསོ་བརྒྱབ་པའི་ལས་བྱེད་པ་དང་། ཡུལ་དེའི་མཛངས་མི། མང་ཚོགས་ཀྱི་འཐུས་མི། ཏང་ཡོན་གྱི་འཐུས་མི་བཅས་གདན་དྲངས་ཐོག་ཧྲེ་རེར་མི་རེའི་ཚད་གཞི་ལྟར་སྤྱོད་གཙང་ཆ་འཕྲིན་པ་698བཀོད་སྒྲིག་བྱས་ནས“གྲོང་མིས་གྲོང་ཚོའི་གནས་ཚུལ་རྟོགས་པའི”ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག་ལྟ་སྐུལ་ཞིབ་བཤེར་ཁང་དང་། སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་། ས་གནས་ཀྱི་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་བཅས་དང་དེ་བཞིན་ཞིང་ལས་གྲོང་གསེབ་སྡེ་ཚན་དང་མཉམ་དུ་དུས་བཀག་ལྟར་དངུལ་དངོས་གཙང་བཤེར་བྱས་ཏེ་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་ཞིབ་འབྱེད་བྱས་ནས་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
ཆིང་ཁྲོན་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལྟ་སྐུལ་རོགས་རམ་འོག མཉམ་སྡེབ་ཀྱི“མ་རྩ་གསུམ”མུ་མཐུད་མང་དུ་ཕྱིན་ནས་གྲོང་གསེབ་ཀྱི་ཡུལ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.7ཡན་བར་འཕར་ཞིང་། “ང་ཚོས་རྒྱུན་མཐུད་རྗེས་སྙེགས་ལྟ་སྐུལ་བྱས་ནས་གྲོང་གསེབ་ཁྱོན་ཡོངས་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་ཡིན”ཞེས་ཆིང་ཁྲོན་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འགན་འཁུར་བ་གཙོ་བོས་བཤད།