འཚོལ་བཤེར།   
藏文频道
2024ལོའི་ཟླ་9ཚེས་20ཉིན།

༄༅།།གནམ་གྲུ་ཆེན་པོ་འདི་ལྷ་སར་འཕུར་ཐེངས་ཐོག་མ་ཡིན་པ།  

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 09ཚེས་20ཉིན། 13:53】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་9པའི་ཚེས་19ཉིན། ཀྲུང་གོ་ཚོང་སྤྱོད་གནམ་གྲུ་ཚད་ཡོད་ཀུང་སིའི་C919རྟགས་ཅན་གྱི་གནམ་གྲུ་ཞིག་སི་ཁྲོན་ཁྲེང་ཏུའུ་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་ཏེ་ཆུ་ཚོད་2དང་སྐར་མ་8རིང་འཕུར་སྐྱོད་བྱས་པ་བརྒྱུད་བོད་ལྗོངས་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་བརྟན་པོའི་ངང་བབས་པ་འདི་ནི་C919རྟགས་ཅན་གྱི་གནམ་གྲུ་ལྷ་སར་འཕུར་ཐེངས་དང་པོ་ཡིན་པ་རེད།

    ད་ཐེངས་རང་རྒྱལ་གྱིས་བཟོས་པའི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་C919ལྷ་སར་འབྱོར་ནས་ཁོར་ཡུག་ཚོད་འཛིན་དང་། མཁའ་འགྲུལ་གློག་ཆས། སྒུལ་ཤུགས་སྒྲིག་ཆས་སོགས་ས་མཐོའི་འཁོར་སྐྱོད་འགག་རྩའི་མ་ལག་ཞིབ་འཇུག་གསར་སྤེལ་དང་ཚོད་ལྟའི་འཕུར་སྐྱོད། དེ་བཞིན་ས་མཐོའི་གནམ་ཐང་དུ་འཕྲོད་མིན་ཞིབ་བཤེར་བྱས་ཏེ། ཕྱིས་སུ་ས་མཐོའི་མཁའ་ལམ་འཁོར་སྐྱོད་ཀྱི་དགོས་མཁོ་དང་ས་མཐོའི་རྣམ་པའི་ཞིབ་འཇུག་གསར་སྤེལ་ལ་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན་པ་རེད།

   ཀྲུང་གོ་ཚོང་སྤྱོད་གནམ་གྲུ་C919ཚོད་ལྟའི་འཕུར་སྐྱོད་པ་ལིའུ་ཀང་གིས། “ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་ས་བབ་མཐོ་ཚད་སྨི་3569ཟིན་པ་དང་། མཐའ་འཁོར་དུ་རི་བོ་མང་བ། གནམ་གཤིས་ཁོར་ཡུག་ཀྱང་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བ་བཅས་རེད། C919བོད་ལྗོངས་སུ་ཚོད་ལྟའི་འཕུར་སྐྱོད་ལས་འགན་བདེ་འཇགས་དང་ཕན་གོ་ཆོད་པའི་སྒོ་ནས་ལེགས་སྒྲུབ་བྱེད་ཆེད། ང་ཚོས་གྲ་སྒྲིག་གང་ལེགས་བྱས་པ་མ་ཟད། ས་མཐོའི་གནམ་ཐང་གི་ཚོད་ལྟའི་སྦྱོང་བརྡར་ཐེངས་མང་བྱས་པ་ཡིན་”ཟེར།

    དེའི་གོང་ལ་རང་རྒྱལ་གྱིས་བཟོས་པའི་ཚོང་སྤྱོད་གནམ་གྲུ་ARJ21ཡང་བོད་ལྗོངས་སུ་འཕུར་ནས་“མཚོ་བོད་ས་མཐོ་སྐོར་བའི་”འཕུར་སྐྱོད་བྱེད་འགོ་ཚུགས་པ་དང་། རང་རྒྱལ་གྱིས་བཟོས་པའི་ཚོང་སྤྱོད་གནམ་གྲུ་རིགས་གཉིས་“འཛམ་གླིང་ཡང་རྩེར་”མཉམ་འཛོམས་བྱུང་བ་རེད། ད་ལྟ་བར་དུ་ARJ21གནམ་གྲུས་མཁའ་ལམ་25དང་། མཁའ་ལམ་55 ཆུ་ཚོད་62བཅས་ཀྱི་རིང་འཕུར་སྐྱོད་ལས་འགན་ལེགས་སྒྲུབ་བྱས་པ་དང་། ས་མཐོའི་གནམ་ཐང་11ལ་ཁྱབ་པ་མ་ཟད། འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་དམངས་སྤྱོད་གནམ་ཐང་འདབ་པ་ཉི་སྟེང་གནམ་ཐང་དུ་ཐེངས་བཞི་འཕུར་སྐྱོད་བྱས་པ་རེད།