འཚོལ་བཤེར།   
藏文频道
2024ལོའི་ཟླ་9ཚེས་18ཉིན།

༄༅།།རང་རྒྱལ་གྱིས་རླངས་འཁོར་དྲ་བ་གཞི་ཁྱོན་ཅན་གྱི་མཉམ་འགུལ་བེད་སྤྱོད་ཚོད་ལྟ་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 09ཚེས་18ཉིན། 10:26】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    རང་རྒྱལ་གྱིས་རླངས་འཁོར་དྲ་བ་གཞི་ཁྱོན་ཅན་གྱི་མཉམ་འགུལ་བེད་སྤྱོད་ཚོད་ལྟ་བྱ་རྒྱུ་ཡིན་པ།

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནུས་རྒྱུ་ཅུས་སོགས་སྡེ་ཚན་གྱིས་ཉེ་ཆར《རླངས་འཁོར་དྲ་བ་གཞི་ཁྱོན་ཅན་གྱི་མཉམ་འགུལ་བེད་སྤྱོད་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་ནས། རྒྱལ་ཡོངས་སུ་རླངས་འཁོར་དྲ་བ་གཞི་ཁྱོན་ཅན་གྱི་མཉམ་འགུལ་བེད་སྤྱོད་ཚོད་ལྟ་བྱས་ཏེ་འཕེལ་རྒྱས་ཀྱི་རྨང་གཞི་ལེགས་པ་དང་། སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་བ། སྣེ་ཁྲིད་ཀྱི་ནུས་པ་ཆེ་བ་བཅས་ཀྱི་གྲོང་ཁྱེར་5ལས་མི་ཉུང་བ་དང་དེ་བཞིན་ཕྱོགས་གཉིས་ཀྱི་གློག་གསོག་གློག་གཏོང(V2G)གྱི་རྣམ་གྲངས་50ལས་མི་ཉུང་བ་ད་ཐེངས་ཀྱི་ཚོད་ལྟའི་ཁྱབ་ཁོངས་སུ་འཇུག་དགོས་པ་བཏོན་ཡོད།

    《བརྡ་ཐོའི》ནང“གསར་གཏོད་ལ་ཁྲིད་སྟོན་དང་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟའི”རྩ་དོན་གཞིར་བཟུང་། ནུས་རྒྱུ་གསར་པའི་རླངས་འཁོར་ལ་གོ་རིམ་ལྡན་པའི་ངང་གློག་གསོག་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བ་དང་། V2Gརྣམ་གྲངས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ། རླངས་འཁོར་དྲ་བའི་མཉམ་འགུལ་བཀོལ་སྤྱོད་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ་ཁྲོམ་ར་ཅན་གྱི་ལམ་སྲོལ་ལ་བརྟེན་ནས་རླངས་འཁོར་དྲ་བའི་མཉམ་འགུལ་གཞི་ཁྱོན་ཅན་འཕེལ་རྒྱས་ལ་ཁྲིད་སྟོན་ཐུབ་པའི་བརྩོན་ལེན་བྱེད་དགོས་ཞེས་བཏོན་ཡོད་པ་རེད།