འཚོལ་བཤེར།   
藏文频道
2024ལོའི་ཟླ་9ཚེས་14ཉིན།

༄༅།།ཨུ་རུ་སུས་མི་6གི་ལག་ཁྱེར་མེད་པར་བཟོས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 09ཚེས་14ཉིན། 14:25】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་13ཉིན། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུས་ཀྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཨུ་རུ་སུར་བཅའ་སྡོད་དབྱིན་ཇིའི་གཞུང་ཚབ་ཁང་གི་ལས་མི་6གི་བྱ་སྤྱོད་ཁྲོད་ནས་གསང་འཕྲིན་ལས་དོན་ནང་ཞུགས་པའི་རྟགས་མཚན་ཤེས་རྟོགས་བྱུང་བས། མིག་སྔར་མི་6ཨུ་རུ་སུ་ཕྱོགས་ཀྱིས་ཐོ་འགོད་ཆོག་འཐུས་ཐོ་ཁོངས་ནས་སུབ་ཟིན་པ་རེད།

ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུས་ཀྱིས་འབྲེལ་ཡོད་ཡིག་ཆ་འབྱོར་ནས། དབྱིན་ཇི་ཡིས་རྒྱལ་སྤྱིའི་དམག་དོན་དང་ཆབ་སྲིད་ཀྱི་གནས་བབ་ཛ་དྲག་ཏུ་གཏོང་བཞིན་ཡོད་པ་ར་སྤྲོད་བྱས་ཡོད་ཅེས་བཤད་པ་རེད།