གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 09ཚེས་12ཉིན། 16:09】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ནད་ལྕི་མོའི་སྨན་བཅོས་འགན་བཅོལ་རྐྱང་པར་ཉོ་དགོས་སམ། གང་དུ་སོང་ནས་ཉོ་དགོས་སམ། ཟླ་9པའི་ཚེས་10ཉིན་རྒྱལ་ཁབ་གསར་སྤེལ་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པའི་ཐོག རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱི་ཅུས་ཀྲང་ཀྲང་ཡུས་ཀྱིས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚེ། ནད་ལྕི་མོའི་འགན་བཅོལ་གྱི་ཐོབ་ཐང་རང་ཤུགས་སུ་ཐོབ་ན་འགན་བཅོལ་རྐྱང་པར་ཉོ་མི་དགོས་ཞེས་བཤད་པ་རེད།
ཀྲང་ཡོན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ནད་ལྕི་མོའི་འགན་བཅོལ་ནི་རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འགན་སྲུང་མ་ལག་གི་ནང་དོན་ཞིག་ཡིན། རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་མ་ལག་གི་འགན་སྲུང་གལ་ཆེན་གསུམ་པོ་ནི། གཞི་རྩའི་སྨན་བཅོས་འགན་བཅོལ་(ལས་བཟོ་པའི་སྨན་བཅོས་འགན་བཅོལ་དང་། གྲོང་མིའི་སྨན་བཅོས་འགན་བཅོལ།) དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྨན་བཅོས་རོགས་སྐྱོབ་དང་ནད་ལྕིའི་འགན་བཅོལ་བཅས་ཡིན།