འཚོལ་བཤེར།   
藏文频道
2024ལོའི་ཟླ་9ཚེས་11ཉིན།

༄༅།།ཞིང་ལས་ཐད་ཁ་གསབ་འདི་སྤྲོད་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 09ཚེས་11ཉིན། 14:44】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་《ལས་ཀ་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ལས་འཕྲུལ་ཆས་བེད་མེད་གསར་སྒྱུར་གྱི་ཁ་གསབ་སྲིད་ཇུས་རྒྱུན་མཐུད་ངང་ལག་བསྟར་ཡག་པོར་བྱ་རྒྱུའི་སྐོར་གྱི་ཁ་གསབ་བརྡ་ཐོ་》པར་འགྲེམས་བྱས་ཏེ། ཞིང་ལས་འཕྲུལ་ཆས་བེད་མེད་ཟུར་འཇོག་དང་གསར་སྒྱུར་གྱི་ཁ་གསབ་སྲིད་ཇུས་རྒྱུན་མཐུད་ངང་ལག་བསྟར་ཡག་པོར་བྱེད་པ་དང་། ཞིང་ལས་འཕྲུལ་ཆས་རྙིང་པ་བེད་མེད་ཟུར་འཇོག་དང་གསར་སྒྱུར་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ། ཞིང་ལས་འཕྲུལ་ཆས་ཀྱི་གྲུབ་ཚུལ་ལེགས་སྒྲིག་ཇེ་མགྱོགས་སུ་གཏོང་བ་བཅས་བྱ་དགོས་ཚུལ་བཏོན་ཡོད།

《ཁ་གསབ་བརྡ་ཐོའི་》ནང་ཞིང་ཆེན་ཁག་གིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་བེད་མེད་ཟུར་འཇོག་གི་ཁ་གསབ་ཁྱབ་ཁོངས་ཀྱི་རྨང་གཞིའི་ཐོག འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་པོ་དང་བདེ་འཇགས་ངང་མཁོ་སྤྲོད་འགན་ལེན་བྱ་རྒྱུར་དམིགས་ནས། དོན་དངོས་དང་ཟུང་འབྲེལ་གྱིས་འཕྲུལ་ཆས་དང་ཡོ་བྱད་རིགས་6ལས་མི་བརྒལ་བ་གསར་སྣོན་བྱ་རྒྱུ་དེ་བེད་མེད་ཟུར་འཇོག་གི་ཁ་གསབ་ཁྱབ་ཁོངས་ནང་འཇུག་རྒྱུའི་གཏན་འཁེལ་ཁ་གསལ་བྱས་ཡོད། རྟ་ཤུགས་20མན་གྱི་འདྲུད་འཐེན་འཕྲུལ་འཁོར་བེད་མེད་ཟུར་འཇོག་བྱས་ན་བེད་མེད་ཟུར་འཇོག་གི་ཁ་གསབ་དངུལ་གྲངས་མང་ཤོས་སྒོར་1000ནས་སྒོར་1500བར་མང་དུ་གཏོང་རྒྱུ་དང་། མཉམ་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་དང་། ཆུ་འབྲས་ཀྱི་མྱུ་གུ་འཛུགས་སའི་འཕྲུལ་འཁོར། སོན་འདེབས་འཕྲུལ་འཁོར་བཅས་བེད་མེད་ཟུར་འཇོག་བྱས་པ་མ་ཟད། རིགས་འདྲ་བའི་འཕྲུལ་ཆས་གསར་པ་ཉོ་སྒྲུབ་བྱས་ན། བརྒྱ་ཆ་50ལས་མི་བརྒལ་བའི་བེད་མེད་ཟུར་འཇོག་གི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུ། བེད་མེད་ཟུར་འཇོག་བྱས་པ་མ་ཟད་སྲིང་བལ་འཐུ་བའི་འཕྲུལ་འཁོར་གསར་བརྗེས་ཉོ་སྒྲུབ་བྱས་པ་དང་། འཕྲུལ་འཁོར་གཅིག་གི་བེད་མེད་ཟུར་འཇོག་གི་ཁ་གསབ་དངུལ་གྲངས་མང་ཤོས་སྒོར་ཁྲི་3ནས་སྒོར་ཁྲི་6བར་མང་དུ་གཏོང་རྒྱུ་རེད། ད་ལོའི་ཟླ་6ཚེས་21ཉིན་ནས་བཟུང་། བེད་མེད་ཟུར་འཇོག་གི་ཁ་གསབ་ཞུ་བ་ཕུལ་རིགས་ལེགས་སྒྲིག་བྱས་རྗེས་ཀྱི་བེད་མེད་ཟུར་འཇོག་གི་ཁ་གསབ་ཚད་གཞི་གཞིར་བཟུང་ལག་བསྟར་བྱེད་དགོས།