གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 09ཚེས་09ཉིན། 13:49】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
གསར་འགོད་པས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་9ཚེས་7ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་2འཕྲལ་མར་གཤམ་ལ་སྤྲད་དེ། ཧའེ་ནན་དང་ཀོང་ཏུང་གི་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེའི་རྗེས་ཀྱི་འཕྲལ་བསྟུན་སླར་གསོར་རྒྱབ་སྐྱོར་བྱས་ཏེ། གེགས་ཁུལ་དུ་གནོད་འཚེ་ཕོག་པའི་འགྲོ་ལམ་དང་ཟམ་པ། ཆུ་རགས། སློབ་གྲྭ་དང་སྨན་ཁང་སོགས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཕྲལ་བསྟུན་སླར་གསོ་འཛུགས་སྐྲུན་བྱས་ནས། རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཡོང་བའི་སྐུལ་འདེད་གཏོང་རྒྱུར་སྤྱོད་རྒྱུ་རེད།