འཚོལ་བཤེར།   
藏文频道
2024ལོའི་ཟླ་9ཚེས་4ཉིན།

༄༅།།ཕུའུ་ཅིང་གིས་མོང་གོལ་རྒྱལ་ཁབ་ལ་འཚམས་འདྲི་གནང་། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 09ཚེས་04ཉིན། 15:30】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཨུ་རུ་སུའི་འཁོར་སྐར་དྲ་བའི་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་2ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་མོང་གོལ་རྒྱལ་ཁབ་ཏུ་འབྱོར་ནས་དངོས་སུ་འཚམས་འདྲི་གནང་བ་རེད།

གནས་འཕྲིན་སྤེལ་བར་གཞིགས་ན། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཁྱབ་ཁོངས་ཆུང་བ་དང་ཁྱབ་ཁོངས་ཆེ་བའི་གྲོས་མོལ་བྱ་རྒྱུ་མ་ཟད། ཀུན་གྱིས་དོ་སྣང་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་ཀྱང་གནང་རྒྱུ་རེད། ཁུ་ལིན་མུའུ་ལིན་ཕོ་བྲང་ནས། གྲོས་མོལ་མཇུག་འགྲིལ་རྗེས། ཕྱོགས་གཉིས་ཀྱི་ཡིག་ཆ་མང་པོར་མིང་རྟགས་འགོད་པའི་འཆར་གཞི་ཡོད་ཅེས་བསྟན།

ཨུ་རུ་སུའི་ཙུང་ཐུང་གི་ལས་རོགས་པ་ཝུའུ་ཧྲ་ཁོ་ཧྥུའུ་ཡིས་ད་དུང་། ཕུའུ་ཅིང་གིས་མོང་གོལ་རྒྱལ་ཁབ་ལ་དངོས་སུ་འཚམས་འདྲི་གནང་རྗེས་མུ་མཐུད་རྒྱང་ཤར་ས་ཁུལ་དུ་བསྐྱོད་རྒྱུ་ཡིན་པ་དང་། འཆར་གཞི་ལྟར་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ནང་ཞུགས་རྒྱུ་མ་ཟད་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་གསུང་བཤད་ཀྱང་གནང་རྒྱུ་ཡིན་ལུགས་བསྟན།