འཚོལ་བཤེར།   
藏文频道
2024ལོའི་ཟླ་9ཚེས་2ཉིན།

༄༅།།ཨུ་རུ་སུའི་གནམ་གྲུ་འདིའི་ནང་གི་མི་ཚང་མ་རྐྱེན་ལམ་དུ་ཤོར་ཡོད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 09ཚེས་02ཉིན། 13:41】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་1ཉིན། ཨུ་རུ་སུའི་ཛ་དྲག་གནས་ཚུལ་སྡེ་ཁག་གིས་སྨི་8ཐད་འཕུར་གནམ་གྲུའི་ལས་འཛོལ་ས་ཁོངས་སུ་མཁའ་ཐོག་འཚོལ་སྐྱོབ་སྟོབས་ཤུགས་བཏང་བ་རེད། འབྲེལ་ཡོད་སྡེ་ཁག་གིས་བརྡ་ཁྱབ་བཏང་བའི་ནང་དོན་གཞིར་བཟུང་། འབྲེལ་གཏུག་ཆད་པའི་སྨི་8ཐད་འཕུར་གནམ་གྲུའི་ཐོག་གི་མི་སྣ་ཚང་མ་རྐྱེན་ལམ་དུ་ཤོར་བ་སྤྱིའི་ཆ་ནས་ཚིག་ཐག་བཅད་ཡོད།

    ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་སྐྱེལ་འདྲེན་ཧྲུའུ་ཡིས་དེ་གོང་བརྡ་ཁྱབ་བཏང་བའི་ནང་ཆ་འཕྲིན་རགས་ཙམ་ལས་མངོན་པར། གནམ་གྲུའི་ཐོག་ཁྱོན་མི་22ཡོད་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། ཐད་འཕུར་གནམ་གྲུ་དེ་མ་གཞི་ཝ་ཆི་ཁ་མེ་རི་ནས་ཡེ་ལི་ཙུའོ་ཕུའུ་སི་ཅི་ཁུལ་གྱི་གཞིས་ཆགས་བྱ་ཡུལ་ཉི་ཀུའུ་ལ་ཡེ་ཕུའུ་ཁ་རུ་འཕུར་རྩིས་ཡོད་པ་རེད། ས་གནས་དེ་གའི་བྱ་སྤྱོད་སྡེ་ཚན་གྱིས་བརྡ་ཁྱབ་བཏང་ནས། ཐད་འཕུར་གནམ་གྲུ་མེ་རི་ས་ཁོངས་ནས་འཕུར་རྗེས་ལེ་ཏའི་ཐོག་ནས་མེད་པར་གྱུར་ཡོད་ཅེས་འཁོད་ཡོད་པ་རེད། དེའི་གོང་ཐད་འཕུར་གནམ་གྲུའི་འཕྲུལ་ཚན་དེས་གནམ་གྲུ་སྐྱོན་ཤོར་བའི་སྐོར་གྱི་བརྡ་ཁྱབ་བཏང་མྱོང་མེད་པ་རེད།