འཚོལ་བཤེར།   
藏文频道
2024ལོའི་ཟླ་8ཚེས་30ཉིན།

༄༅།།འདིའི་རིཊ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 08ཚེས་30ཉིན། 15:49】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཉིན་ཤས་གོང་། གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་བདེ་པུའུ་ལ་སྒོ་བྱང་བཀལ་ནས་སྒྲུབ་སྐུལ་བྱེད་པའི་ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི་མྱུལ་ཞིབ་གཞུང་དོན་ཁང་གི་ལས་དོན་བཞུགས་མོལ་ཚོགས་འདུ་ཉེ་ཆར་འཚོགས་པ་རེད། ཚོགས་འདུའི་ཐོག་བསྟན་དོན། རྒྱུན་རྣམ་ཅན་གྱི་སྒོ་ནས་ནག་སེལ་གཤེད་འཇོམ་འཐབ་རྩོད་སྤེལ་ཚུན། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་ནག་ཚོགས་སྟོབས་ཤུགས་ཀྱི་ཉེས་གསོག་སྣ་ཚོགས་ལ་རྡུང་རྡེག་ནན་མོ་བཏང་བ་དང་། སྤྱི་བདེ་པུའུ་ཡིས་ལྟ་སྐུལ་བྱེད་པའི་གྱོད་གཞི་147ལ་ཆེད་དོན་འགག་སྒྲོལ་བྱས་ཏེ་གནོད་འཚེ་ཚབས་ཆེན་བཟོས་པའི་ནག་ཚོགས་རྩ་འཛུགས་ཁག་ཅིག་བདེ་བླག་ངང་རྩ་མེད་བཟོས་པས། དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ནུས་ལྡན་གྱིས་གཙང་སེལ་བྱས་པ་དང་། ཆེད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་ཕྱིན་ཡོད།

ཚོགས་འདུའི་ཐོག པུའུ་ཡིས་ལྟ་སྐུལ་བྱེད་པའི་གྱོད་གཞི་འཛིན་བྱེད་བྱས་ཏེ། རྡུང་རྡེག་གི་མདུང་རྩེ་དེ་ཐོག་མཐའ་བར་གསུམ་དུ་ནག་ཚོགས་རྩ་འཛུགས་གལ་ཆེན་ལ་གཏད་ནས། ནག་སེལ་གཤེད་འཇོམ་གྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས་ཞེས་ནན་བཤད་གནང་བ་རེད། ཆེད་དོན་གྱོད་གཞི་འགག་སྒྲོལ་བྱ་རྒྱུ་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ། ཆེད་དོན་གྱོད་གཞི་ཆེད་གཉེར་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ལེགས་ཆའི་ཐོན་ཁུངས་གཅིག་སྡུད་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་སྒོ་བྱང་བཀལ་ནས་སྒྲུབ་སྐུལ་བྱེད་པའི“གཟེར་མ་ལྟར་འབལ་དཀའ་བའི་གྱོད་གཞི་”དང་“རུས་པ་ལྟར་མཁྲེགས་པའི་གྱོད་གཞི་”ཚད་བརྒལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཁྲིམས་སྐྱོང་གི་བསམ་གཞིག་རྒྱུན་འཁྱོངས་བྱས་ཏེ་གཏན་འཇགས་ཀྱི་དཔང་རྟགས་ཕྱོགས་ཡོངས་ནས་འཚོལ་སྡུད་དང་། བཅའ་ཁྲིམས་དང་སྲིད་ཇུས་གནད་ལ་འཁེལ་བའི་ངང་སྤྱད་དེ་ཁྲིམས་འཛིན་གྱོད་སྒྲུབ་ཚད་ལྡན་ནན་པོ་བཟོས་ནས་གྱོད་སྒྲུབ་ཀྱི་སྤུས་ཚད་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། རང་འགུལ་ངང་ཤེས་རྟོགས་བྱེད་ནུས་དང་། ཆེད་དོན་རྡུང་རྡེག་གཏོང་ནུས། ཉེས་གསོག་གསར་གྲས་ལ་རྡུང་རྡེག་གཏོང་ནུས་བཅས་ཆེ་རུ་བཏང་ནས། ཕྱོགས་ཡོངས་ནས་རྡུང་རྡེག་གཏོང་བའི་ཕན་འབྲས་ཆེ་རུ་གཏོང་དགོས། གཙོ་གནད་ལས་རིགས་དང་ཁྱབ་ཁོངས་ལ་རྡུང་རྡེག་གཏོང་རྒྱུ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། “སྡེ་བའི་དབང་ཤེད་ཅན་”དང་“ཞང་གི་དབང་ཤེད་ཅན་”སོགས་གྲོང་གསེབ་ཀྱི་ནག་ཚོགས་སྟོབས་ཤུགས་ཐོན་མ་ཐག་རྡུང་རྡེག་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། “བྱེ་མའི་དབང་ཤེད་ཅན་”དང་། “གཏེར་ཁའི་དབང་ཤེད་ཅན་”“ཚོང་རའི་དབང་ཤེད་ཅན་”“གྲོང་ཚོའི་དབང་ཤེད་ཅན་”སོགས་ནག་ཚོགས་སྟོབས་ཤུགས་ལ་རྡུང་རྡེག་ནན་མོ་གཏོང་བ་རྒྱུན་འཁྱོངས་བྱེད་པ། ཁ་བསླུས་བརྒྱབ་ནས་དངུལ་བུན་གཏོང་བ་དང་། བསམ་ངན་གྱིས་གྱོང་གུན་གསབ་ལེན་བྱེད་པ། དྲ་རྒྱའི་ཟིང་ཆ་བསློང་པ་སོགས་ཚོགས་པའི་བྱ་སྤྱོད་སྤེལ་བར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།