གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 08ཚེས་30ཉིན། 14:50】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་8་ཚེས་28ཉིན་གྱི་དགོང་མོར། སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ལས་སྟེགས་ཀྱི་“གློག་འཕྲིན་”སྲོལ་གཏོད་པ་ཏུའུ་ལའོ་ཧྥུ་བཀག་ཉར་མེད་པར་བཟོས་རྗེས་ཁྲིམས་ཁང་ལ་བསྐྱལ་བ་རེད། ཧྥ་རན་སིའི་ཕ་རི་སིའི་ཞིབ་དཔྱོད་ཕྱོགས་ཀྱིས་ཉིན་དེར་དངོས་སུ་སྐྱོན་འདོན་ཞུ་གཏུག་བྱས་པ་དང་། ནག་དངུལ་དག་འབུད་དང་དྲ་ཐོག་ལས་སྟེགས་སྤྱད་དེ་ཁྲིམས་དང་འགལ་ཏེ་ཚོང་བྱས་པ་སོགས་ཀྱི་ཉེས་མིང་ཁག་6དང་འབྲེལ་བ་ཡོད་པ་དང་། དུས་མཚུངས་སུ་ཁོང་ཧྥ་རན་སི་ནས་ཁ་བྲལ་མི་ཆོག་པ་མ་ཟད། ཁྲིམས་འཛིན་བརྟག་དཔྱད་དང་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
“གློག་འཕྲིན་”ཕྱོགས་ནས་སྐྱོན་འདོན་ཞུ་གཏུག་འདི་དག་ལ་དགག་ལན་བསློགས་ཡོད། “གློག་འཕྲིན་”ད་ལྟ་སྤྱོད་མཁན་དུང་ཕྱུར་9ཙམ་ཡོད། དེ་ནི་ཨུ་རུ་སུའི་སྐད་ཁུལ་གྱི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེགས་བུ་གཙོ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་ལ། ཡུག་རེན་གྱི་ཉམས་ཉེན་ཁྲོད་ཨུ་རུ་སུ་ཕྱོགས་གཉིས་པོའི་གནས་འཕྲིན་སྤེལ་བའི་ལས་སྟེགས་གལ་ཆེན་ཞིག་ཀྱང་རེད།