འཚོལ་བཤེར།   
藏文频道
2024ལོའི་ཟླ་8ཚེས་30ཉིན།

༄༅།།འཇབ་རྒོལ་དོན་རྐྱེན་འདིར་རྒོལ་གཏམ་བཏང་འདུག

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 08ཚེས་29ཉིན། 15:13】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་གཏམ་བཤད་པ་ཏེ་ཡ་ལི་ཁི་ཡིས་ཚེས་27ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ཀུའུ་ཐེ་ལི་སིས་པ་ས་ལོ་ཀི་ས་ཁུལ་དུ་ཚེས་24ཉིན་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། པུ་ཅི་ན་ཧྥ་སའོ་བར་བརྒལ་སྲིད་གཞུང་གིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བར་རྒྱབ་སྐྱོར་བྱས་ནས་ཆག་སྒོ་སློང་མཁན་ཁྲིམས་ལ་སྦྱོར་དགོས་ཟེར།

ཏི་ཡ་ལི་ཁེ་ཡིས་ཚེས་26ཉིན་གྱི་རྒྱུན་ལྡན་གསར་འགོད་པའི་ཚོགས་འདུའི་ཐོག་ཕ་ཁི་སི་ཐན་ལྷོ་ནུབ་རྒྱུད་ཀྱི་པི་ལུའུ་ཀྲི་ཞིང་ཆེན་དུ་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་ལ་རྒོལ་གཏམ་བཏང་བ་དང་། ཕ་ཁི་སི་ཐན་སྲིད་གཞུང་གིས་བརྟག་དཔྱད་བྱས་ནས་ཆག་སྒོ་སློང་མཁན་གྱི་འགན་འཁྲི་བདའ་འདེད་གཏོང་དགོས་པའི་འབོད་སྐུལ་བྱས་པ་རེད།

གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་24ཉིན་པུ་ཅི་ན་ཧྥ་སའོ་པ་ས་ལོ་ཀེ་ས་ཁུལ་དུ་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་ཁྲོད་ཉུང་མཐར་ཡང་མི་100རྐྱེན་ལམ་དུ་ཤོར་བ་རེད། ཚེས་26ཉིན་ཕ་ཁི་སི་ཐན་པི་ལུའུ་ཀྲི་ཞིང་ཆེན་དུ་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་མང་པོ་ཐོན་ནས། མི་སེར་དང་བདེ་འཇགས་མི་སྣ་ཚུད་པའི་ཉུང་མཐར་ཡང་མི་53རྐྱེན་ལམ་དུ་ཤོར་བ་དང་དྲག་ཆས་པ་21བསད་པ་རེད།