འཚོལ་བཤེར།   
藏文频道
2024ལོའི་ཟླ་8ཚེས་30ཉིན།

༄༅།།ལོ་མང་རིང་སློབ་གསོའི་བོད་སྐྱོར་ལ་ས་མཐོའི་ས་གནས་ཁག་ཏུ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 08ཚེས་29ཉིན། 14:38】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 

ཞལ་འདེབས་ཕུལ་ཏེ་སློབ་གྲྭ་བསྐྲུན་པ་ནས་དྲ་རྒྱའི་སློབ་ཁྲིད་བཀོད་སྒྲིག་བྱས་པ་དང་། “ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ནས་ལྗོངས་ནང་ཁུལ་གྱི་དགེ་སློབ་སྒྲིག་འཛུགས་བྱས་ཏེ། ལྗོངས་ཕྱི་ཕྱོགས་སུ་ཞིབ་འཇུག་སློབ་སྦྱོང་དང་སྤེལ་རེས་བྱེད་པར་བསྐྱོད་པ་དང་། ཤེས་བྱ་བརྒྱུད་ཁྲིད་བྱེད་པ་ནས་རིག་གནས་མཉམ་འདྲེས་བྱས་ནས། ལོ་མང་རིང་སློབ་གསོའི་བོད་སྐྱོར་ལ་ས་མཐོའི་ས་གནས་ཁག་ཏུ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།

ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་འདོད་ན་སྔོན་ལ་དགེ་རྒན་བཟང་པོ་གསོ་སྐྱོང་བྱ་དགོས། བོད་སྐྱོར་ཚོགས་པའི་ཕན་འབྲས་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་ཆེད། 2016ལོར་སློབ་གསོ་པུའུ་སོགས་པུའུ་ཨུ་བཞི་ཡིས་སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་འགོ་བཙུགས་པ་དང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱིས་རིམ་རྩིས་བྱས་ན། མི་ཐེངས་2100ལྷག་ཙམ་བཏང་བ་དང་བོད་ཀྱི་སློབ་གྲྭ་འབྲིང་ཆུང་21ལ་ཁ་གཏད་རོགས་སྐྱོར་བྱས་ཡོད། “ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་སྤེལ་ནས་ད་བར་བོད་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་ཁང་གི་སློབ་ཁྲིད་དང་དོ་དམ་བྱེད་སྟངས་དང་སློབ་གསོའི་འདུ་ཤེས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་། སློབ་མའི་ཕྱོགས་བསྡུས་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

བོད་སྐྱོར་དགེ་རྒན་ཁག་ཅིག་གངས་ལྗོངས་ས་མཐོར་ཡོང་ནས་བོད་ཀྱི་དགེ་སློབ་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་ནས། ས་གནས་གཉིས་ཀྱི་དགེ་སློབ་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ལ་སྐུལ་འདེད་བཏང་ཡོད།