གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 08ཚེས་27ཉིན། 14:15】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ལྷོ་རྒྱུད་འཐབ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པ་མཁའ་དམག་སློབ་གྲྭ་ཆེ་མོའི་ཐེན་ཅུན་ལི་ཡིས་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ལྷོ་རྒྱུད་འཐབ་ཁུལ་གྱི་སྐམ་དམག་དང་མཁའ་དམག་དཔུང་སྡེ་སྒྲིག་འཛུགས་བྱས་ནས། ཟླ་8ཚེས་27ཉིན་ནས་བཟུང་ཀྲུང་གོ་དང་འབར་མའི་མཐའ་མཚམས་ཀྱི་རང་ཕྱོགས་སུ་མཉམ་འབྲེལ་ཐོག་དངོས་སྦྱོང་མདེལ་འཕེན་གྱི་ནང་སྦྱོང་བྱ་རྒྱུ་དང་། དེའི་དམིགས་ཡུལ་ནི་དམག་འཐབ་ཁུལ་གྱི་དཔུང་སྡེའི་མྱུལ་ཞིབ་སྔོན་ཚུད་ཉེན་བརྡ་དང་། རིམ་མང་བཀག་འཛིན། མེ་ཤུགས་རྡུང་རྡེག་བཅས་ཀྱི་ནུས་པར་ཞིབ་བཤེར་བྱ་རྒྱུ་དེ་རེད། དམག་འཐབ་ཁུལ་གྱི་དམག་དཔུང་གིས་དུས་དང་རྣམ་པ་ཀུན་ཏུ་གློ་བུར་དུ་བྱུང་བའི་གནས་ཚུལ་སྣ་ཚོགས་ལ་ཁ་གཏད་འཇལ་བའི་གྲ་སྒྲིག་ཡག་པོར་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་། མཐའ་མཚམས་ཀྱི་བརྟན་ལྷིང་། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་རེད།