འཚོལ་བཤེར།   
藏文频道
2024ལོའི་ཟླ་8ཚེས་26ཉིན།

༄༅།།ཨེ་ཤ་ཡའི་གླང་ཆེན་ཁྱུ་ཚོགས་ཤིག་འདིར་ཐོན་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 08ཚེས་26ཉིན། 13:42】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཉེ་ཆར། ཡུན་ནན་ཞི་ཧྲོང་པན་ན་མེང་པན་མཐའ་མཚམས་མངགས་གཏོང་ཁང་དུ་ཨེ་ཤ་ཡའི་གླང་ཆེན་ཁྱུ་ཞིག་རྙེད་བྱུང་ཞེས་པའི་ཉེན་བརྡ་འབྱོར་བྱུང་། མི་དམངས་ཉེན་རྟོག་པ་འཕྲལ་དུ་ཡུལ་དངོས་སུ་བསྐྱོད་དེ་མཐའ་འཁོར་གྱི་མང་ཚོགས་ཁ་འགྲེམས་བཏང་བ་མ་ཟད། ས་གནས་དེ་གའི་རི་སྐྱེས་གླང་ཆེན་ལྟ་ཞིབ་ཚད་ལེན་པ་དང་འབྲེལ་གཏུག་བྱས་ནས་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱས། དེར་ཨེ་ཤ་ཡའི་གླང་ཆེན་42ཡོད་ལ། ལ་ལས་ཟས་འཚོལ་བ་དང་ལ་ལས་རྩེད་འཇོར་རོལ་ནས་མཐར་བདེ་འཇགས་ངང་སྲུང་སྐྱོང་ཁུལ་དུ་ལོག་པ་རེད།