འཚོལ་བཤེར།   
藏文频道
2024ལོའི་ཟླ་8ཚེས་26ཉིན།

༄༅།།ལོ་ངོ་སུམ་ཅུའི་རིང་བོད་སྐྱོར་བརྩེ་སེམས་ཟབ་མོ། མལ་གྲོ་གུང་དཀར་གྱི་སློབ་གསོའི་ལེ་ཚན་གསར་པ་བཀོད་ཡོད།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 08ཚེས་26ཉིན། 10:03】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཉི་ནུབ་ཀྱི་འོད་ཟེར་དེ་བསྐྲུན་མ་ཐག་པའི་སློབ་ཁྲིད་ཐོག་ཁང་དུ་འཕྲོ་ཞིང་། དྲིལ་བུའི་སྒྲ་གྲགས་པ་དང་། མལ་གྲོ་གུང་དཀར་རྫོང་སློབ་འབྲིང་གི་ཕྱི་དྲོའི་སློབ་ཚན་མཇུག་འགྲིལ་ཞིང་། སློབ་མ་2400ལྷག་ཙམ་གྱིས་རང་སོ་སོའི་དཔུང་ཚོགས་སྒྲིག་ནས་ལུས་རྩལ་ཐང་དུ་བསྐྱོད་པ་དང་།དགོང་ཟས་ཟ་བའི་དུས་ཚོད་སླེབས་ཡོད།

     མལ་གྲོ་གུང་དཀར་རྫོང་སློབ་འབྲིང་ནི་མལ་གྲོ་གུང་དཀར་གྱི་སློབ་འབྲིང་འབའ་ཞིག་དེ་ཡིན་པ་དང་། སློབ་ཁྲིད་ཀྱི་སྤུས་ཚད་དེ་སྔ་ལྷ་ས་གྲོང་ཁྱེར་བར་འོག་ཏུ་ཡོད་ཅིང་། སློབ་མ་ཚོ་དེ་ན་འགྲོ་བ་ཅུང་མང་། གནས་ཡུལ་ཐག་རིང་ཞིང་ལུང་ཁུག་དང་རང་བྱུང་ཆ་རྐྱེན་དཀའ་ཚེགས་ཆེ་བའི་དབང་གིས་དགེ་རྒན་མང་པོ་ཞིག་གིས་ལས་འགན་མང་པོ་འཁུར་གྱི་ཡོད་པས་སློབ་ཁྲིད་ཀྱི་ཁུར་པོ་ལྕི་ལ་སྔོན་ཐོན་གྱི་སློབ་ཁྲིད་འདུ་ཤེས་དང་བྱ་ཐབས་ཀྱང་འདང་གི་མེད།

    བོད་སྐྱོར་དགེ་རྒན། མལ་གྲོ་གུང་དཀར་རྫོང་སློབ་འབྲིང་གི་སློབ་སྤྱི་ཝང་ཁེ་ཏིང་གིས་ངོ་སྤྲོད་བྱས་དོན། བོད་སྐྱོར་ཐོག་མའི་དུས་སུ་མོ་མལ་གྲོ་གུང་དཀར་གྱི་སློབ་གསོའི་ཆུ་ཚད་དང་ནང་སའི་དབར་ཧེ་བག་ཆེན་པོ་ཡོད་པ་དང་། མཁྲེགས་ཆས་སྒྲིག་ཆས་ཀྱི་རྗེས་ཟིན་མི་ཐུབ་ལ་ཕྲུ་གུ་ཚོའི་རྨང་གཞི་ཡང་ཅུང་ཞན་པོ་ཡོད།

     མལ་གྲོ་གུང་དཀར་གྱི་དཔལ་འབྱོར་སྤྱི་ཚོགས། སློབ་གསོའི་གནས་ཚུལ་ལེགས་བཅོས་བྱ་ཆེད། 1994ལོར་ཅང་སུའུ་ཞིང་ཆེན་ཏང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ནན་ཅིང་གྲོང་ཁྱེར་གྱིས་མལ་གྲོ་གུང་དཀར་རྫོང་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུའི་གཏན་འཁེལ་བྱས།

     ལོ་མང་རིང་། ནན་ཅིང་གིས་བོད་སྐྱོར་བྱེད་པར་རིམ་རྩིས་བྱས་ན། འཆར་གཞིའི་ཕྱི་ནང་གི་བོད་སྐྱོར་མ་དངུལ་དང་དངོས་ཟོག་སྒོར་དུང་ཕྱུར་7བཏང་བ་དང་། རོགས་སྐྱོར་རྣམ་གྲངས་500བཏང་སྟེ་འགག་རྩའི་རྨང་གཞིའི་སྒྲིག་བཀོད་དང་དམངས་འཚོའི་བྱ་གཞག་གི་ཞན་ཆ་ཁ་གསབ་བྱས་ཡོད། 2018ལོར་མལ་གྲོ་གུང་དཀར་རྫོང་གྲུབ་འབྲས་ཐོབ་པའི་ངང་དབུལ་སྒྲོལ་ཞྭ་མོ་ཕུད་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་ལྷ་ས་གྲོང་ཁྱེར་གྱི་རྫོང་ཁག་གི་མདུན་གྲལ་དུ་སླེབས་ཡོད།

     ས་གནས་གཉིས་བར་གྱི་མཛའ་བརྩེ་ཟབ་མོ་དང་མཉམ་ལས་དམ་ཟབ་བྱུང་བར་བརྟེན། མལ་གྲོ་གུང་དཀར་གྱི་སློབ་གསོའི་བྱ་གཞག་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསུས་ཡོད། རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ་ཕུད། 2020ལོ་ནས་ད་བར་ནན་ཅིང་གི་དགེ་རྒན་དང་ལས་བྱེད་པ་ཁག་5ཁག་26 མལ་གྲོ་གུང་དཀར་རྫོང་སློབ་འབྲིང་དུ་ཡོང་ནས་བོད་ལྗོངས་ཀྱི་རྫོང་དང་ཆུས་ཀྱི“མལ་གྲོ་གུང་དཀར་གྱི་ནན་ཅིང་འཛིན་གྲྭ”བཙུགས་ཏེ་བོད་དུ་སློབ་གསོའི“ཚོགས་ཆུང་ཚོགས་པའི”འཚོལ་ཞིབ་དང་ལག་ལེན་བྱས་པ་རེད། ནན་ཅིང་གྲོང་ཁྱེར་ཀུའུ་ལོའུ་ཆུས་པིན་ཅང་སློབ་འབྲིང་གི་དངོས་ལུགས་དགེ་རྒན་ལུའུ་ཝུན་ཅུན་གྱིས“ནན་ཅིང་བོད་སྐྱོར་ལས་དོན་གྱི་རོགས་སྐྱོར་དང་དགེ་རྒན་ཁག་གཅིག་གི་འཛུགས་སྐྲུན་འོག་རྫོང་སློབ་འབྲིང་གི་མཁྲེགས་ཆས་དང་དགེ་རྒན་གྱི་སྟོབས་ཤུགས་ཆུ་ཚད་ཡག་པོ་ཞིག་ཏུ་སླེབས་ཡོད”ཅེས་བཤད།

ཡངས་ཤིང་རྒྱ་ཆེ་བའི་མཚོ་བོད་ས་མཐོར་སློབ་གསོའི་མེ་ཏོག་གི་འོད་མདངས་གསར་པ་རབ་ཏུ་རྒྱས་ཤིང་། ད་ཆ་མལ་གྲོ་གུང་དཀར་རྫོང་སློབ་འབྲིང་དེ་ས་གནས་དེ་གའི་སློབ་གསོ་འཕེལ་རྒྱས་ཀྱི་མིང་བྱང་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་ཡོད།

     སློབ་གསོ་བོད་སྐྱོར་བྱས་ནས་ད་བར་སློབ་གྲྭའི་སློབ་ཁྲིད་སྤུས་ཚད་མཐོ་རུ་ཕྱིན་པ་དེས་ས་གནས་དེ་གའི་མི་སེར་གྱི་དགོས་མཁོ་སྐོང་ཐུབ་པ་དང་། སློབ་མའི་མི་གྲངས་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད། “ཞིང་འབྲོག་པའི་ཁྱིམ་ཚང་དེ་བས་མང་བས་ཕྲུ་གུ་རྣམས་སློབ་སྦྱོང་ལ་བློ་རྩེ་གཅིག་ཏུ་གཞོལ་བ་དང་སྦྱངས་འབྲས་ལ་བརྟེན་ནས་དེ་བས་ཐག་རིང་དུ་བསྐྱོད་དུ་འཇུག་གི་ཡོད། ང་ཚོའི་སློབ་གསོའི་ལས་དོན་པའི་ཐོག་མའི་བསམ་འདུན་ནི་ཕྲུ་གུ་ཚོར་དེ་བས་ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་མཐོང་ཐུབ་པ་བྱ་རྒྱུ་དེ་ཡིན”ཞེས་ཝང་ཁེ་ཏིང་གིས་བཤད།

     འཛུགས་སྐྲུན་ཁག་རྒྱུན་ཆད་མེད་པར་དོན་འཁྱོལ་དང་འཐུས་ཚང་དུ་བཏང་བ་དང་བསྟུན་ནས་སློབ་མའི་སྦྱངས་འབྲས་ཀྱི་སྐར་གྲངས་མཐོ་བ་དང་ཆ་སྙོམས་སྐར་གྲངས་ཚང་མ་མཐོ་རུ་ཕྱིན་ཡོད་པ་རེད། བོད་སྐྱོར་གྱི་རོགས་རམ་ཕུད་ཕྲུ་གུ་ཚོའི་འབད་བརྩོན་དང་ཁ་འབྲལ་ཐབས་མེད། ལོ་རིམ་དགུ་པའི་འཛིན་གྲྭ་གཉིས་པའི་ཕྲུ་གུས“དགེ་རྒན་གྱིས་སློབ་ཁྲིད་ཡག་པོ་བྱས་ཚེ་ང་ཚོས་ཀྱང་སེམས་ཤུགས་དེ་བས་ཆེ་བ་རྒྱག་དགོས། ཁོང་ཚོའི་བློ་ཕམ་སྐྱེ་མི་འདོད”ཅེས་གསུངས། ལོ་རིམ་དགུ་པའི་འཛིན་གྲྭ་གཉིས་པའི་སློབ་མས་དེ་ལྟར་བཤད།

     ས་ཆ་དེའི་ཐོག་ལེགས་སྐྱེས་ཕུལ་བ་དང་དྲིན་ལན་འཇལ་བའི་གཏམ་རྒྱུད་ཡུན་རིང་བརྗོད་རྒྱུ་ཡིན་པ་དང་། སློབ་གསོའི་བརྩེ་དུང་ནི་ནན་ཅིང་གིས་བོད་སྐྱོར་བྱས་ནས་ལོ་30ཡི་བསྡུས་རིས་ཤིག་རེད།

     དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག མལ་གྲོ་གུང་དཀར་རྫོང་སློབ་འབྲིང་གིས་ནན་ཅིང་དང་མལ་གྲོ་གུང་དཀར་་བར་གྱི་མཛའ་གྲོགས་ཟབ་མོ་མུ་མཐུད་བཅངས་ནས་བོད་སྐྱོར་གྱི་སྙིང་སྟོབས་རྒྱུན་ཆད་མེད་པར་དར་སྤེལ་བཏང་ནས། མི་རིགས་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་ལེའུ་གསར་པ་ཞིག་འབྲི་རྒྱུ་རེད།