འཚོལ་བཤེར།   
藏文频道
2024ལོའི་ཟླ་8ཚེས་20ཉིན།

༄༅།།གསོན་ཤུགས་ཀྱིས་ཁེངས་པའི་མཚོ་སྔོན། མཐོ་སྒང་ནོར་གནག་གིས་རིག་ནུས་འཚོ་བ་རོལ་བ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 08ཚེས་20ཉིན། 10:38】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     མིའི་ངོ་གདོང་དབྱེ་འབྱེད་ཟེར་བ་ལས་ནོར་གནག་གི་ངོ་གདོང་དབྱེ་འབྱེད་ཟེར་བ་ད་བར་ཐོས་མ་མྱོང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དུ་བསྐྱོད་སྐབས། སྔོ་ལྗང་རྩྭ་ཐང་ཐོག་ནོར་ལུག་གང་སར་ཁྱབ་པ་མཐོང་ཐུབ། དྲུག་ཆེན་སུམ་མདོ་གྲོང་རྡལ་གསའ་ཁོག་གྲོང་ཚོའི་སྡེ་ཁུལ་གསུམ་པའི་མཁས་གྲུབ་ཚང་དུ་མི་གཉིས་ཀྱིས་“ནོར་གནག་གི་ངོ་གདོང་དབྱེ་འབྱེད”ལག་རྩལ་སྤྱད་དེ་ཆུ་ཚོད་གཅིག་ལྷག་ཙམ་ནང་ནོར་གནག་300ལྷག་ཙམ་གྱི“གློག་རྡུལ་ཐོབ་ཐང་ལག་ཁྱེར་”བཟོས་ཡོད་པ་རེད།

    “ནོར་གནག་གི་ངོ་གདོང་དབྱེ་འབྱེད་”ལག་རྩལ་ཞེས་པ་ནི་ལག་ཐོགས་ཁ་པར་གྱི་APPབརྒྱུད་དེ་ནོར་གནག་ངོ་གདོང་གི་ཁྱད་ཆོས་འཚོལ་བསྡུ་བྱས་ཏེ་གཏིང་ཚད་རྩི་ཐབས་ལ་བརྟེན་ནས་ནོར་གནག་གི་ངོ་གདོང་དབྱེ་འབྱེད་3Dགཞི་གྲངས་ཚོགས་ཆུང་བཟོས་ནས། ནོར་གནག་ཚང་མར་སྐྱེ་དངོས་ཁྱད་ཆོས་གྲངས་ཀའི་ཐོབ་ཐང་འབའ་ཞིག་ཆགས་པ་དང་། དེའི་རྨང་གཞིའི་ཐོག་ནོར་གྱི་ངོ་གདོང་ID(དབྱེ་འབྱེད་ཨང་རྟགས་ཁོ་ན་)གཞི་གྲངས་མཛོད་བཟོས་ནས་ནོར་ཁྱུ་གློག་རྡུལ་ཅན་གྱི་དོ་དམ་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་རེད།

     ཀྲུང་གོ་ཚེ་སྲོག་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སིའི་མགོ་ལོག་ལྟེ་གནས་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལིའུ་ཞིན་ཅུན་གྱིས“སྲོལ་རྒྱུན་གྱི་འགན་བཅོལ་བྱེད་སྟངས་དང་བསྡུར་ན་འགན་བཅོལ་བྱེད་སྟངས་འདི་རིགས་ཀྱིས་འགན་བཅོལ་འགན་ལེན་དང་སྐྱིན་ཚབ་འཇལ་བ་དེ་བས་གནད་ལ་འཁེལ་ལ་དོ་དམ་ཡང་དེ་བས་ཕན་ནུས་ཆེ་བ་ཡོད”ཅེས་བཤད། སྟབས་བདེའི་བཀོལ་སྤྱོད་བརྒྱུད་རིམ་དང་། མགྱོགས་མྱུར་གྱི་གཞི་གྲངས་སྙོམ་སྒྲིག་མྱུར་ཚད། འབྲེལ་གཏུག་མིན་པའི་གཞི་གྲངས་འཚོལ་བསྡུ་བྱེད་སྟངས་བཅས་ཀྱིས་མགོ་ལོག་ཁུལ་ཏུ་“ནོར་གནག་གི་ངོ་གདོང་དབྱེ་འབྱེད”ལག་རྩལ་ལ་དགའ་བསུ་ཐོབ་ཡོད་པ་རེད།

     “ད་ལྟ་འགན་བཅོལ་སྒྲུབ་པར་རྣ་ལ་རྟགས་རྒྱག་དགོས་མེད། རྟགས་བོར་འགྲོ་བར་ཡང་སེམས་འཁུར་བྱེད་དགོས་མེད།” མཁས་གྲུབ་དང་འདྲ་བར་འགྱུར་མེད་ཚང་གི་་ནོར་གནག་200ཚང་མ་འགན་བཅོལ་ནང་ཞུགས་ཡོད། ལས་དོན་མི་སྣས་སྐར་ཆ་བཅུ་ཙམ་ནང་ནོར་གནག་གི་ངོ་གདོང་འཚོལ་བསྡུ་དང་ཡར་སྤྲོད་བྱས་ཚར་དུས། འགྱུར་མེད་ནི་ལག་རྩལ་དེའི་མྱུར་ཚད་མགྱོགས་པོ་དང་སྟབས་བདེ་པོར་ཧ་ལས་ཡོད་འདུག

     གསར་དར་ལག་རྩལ་དེ་ལས་ཆོད་ཆེ་བ་མ་ཟད། ས་གནས་དེ་གའི་མང་ཚོགས་ལ་ཕན་པ་མི་ཉུང་བ་སྤྲད་ཡོད། ལིའུ་ཞིན་ཅུན་གྱིས“2023ལོའི་ཟླ་4པར་ལག་རྩལ་ཚོད་ལྟ་བྱས་པ་ནས་བཟུང་ང་ཚོས་མིག་སྔར་ནོར་གནག་365361འཚོལ་བསྡུ་བྱས་པ་དང་། ‘ནོར་གདོང་དབྱེ་འབྱེད’ཀྱི་སྐྱིན་ཚབ་འཇལ་བའི་གྱོད་གཞི་19907ཟིན་ནས་དཔལ་འབྱོར་ཕན་འབྲས་སྒོར་ཁྲི་1000ལྷག་ཙམ་ཐོན་ཡོད”ཅེས་བཤད།

     ཉེ་བའི་ལོ་ཤས་རིང་། མགོ་ལོག་ཁུལ་གྱིས་ཐོན་ལས་ཀྱིས་ཁྲིད་སྟོན་བྱེད་པ་དང་། ཁེ་ལས་ཀྱིས་བྱེད་པོ་བྱེད་པ། ཤེས་ལྡན་མི་སྣས་སྣེ་ཁྲིད་བྱེད་པ། གསར་གཏོད་ལས་སྟེགས་ཀྱིས་འདེགས་སྐྱོར་བྱེད་པ་བཅས་ཀྱི་ཐོན་སློབ་ཞིབ་སྤྱོད་སྒྲིག་སྲོལ་ལམ་སྲོལ་བཙུགས་པ་བརྒྱུད། ཚན་རྩལ་གསར་གཏོད་ཀྱི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྔར་བས་ཤུགས་བརྒྱབ་ནས་ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

     ད་ཆ་མགོ་ལོག་ཁུལ་ཡོངས་ལ་སྐྱེ་ལྡན་རྩྭ་རའི་ཁས་ལེན་རྒྱ་ཁྱོན་མུའུ་ཁྲི་2752.24ཟིན་པ་དང་། ཕྱུགས་རིགས་ཁྲི་67.9197ལ་སྐྱེ་ལྡན་ཁས་ལེན་ཐོབ་ཡོད་པ་རེད། མགོ་ལོག་ཁུལ་གྱི་བློ་རིག་ཞིང་ལས་དེ་སྤུས་ཚད་མཐོ་བ་དང་། ཞིབ་ཚགས་ཅན། ཚད་ལྡན་ཅན་བཅས་ཀྱི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།