ཚད་ལྡན་རྡོ་སོལ་ཏུན་དུང་ཕྱུར་1.05གྲོན་ཆུང་བྱས་པ་དང་མཚུངས་པ།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 08ཚེས་17ཉིན། 10:32】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་འབྲི་ཆུའི་འགག་གསུམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་། ཤང་ཅཱ་པཱ་ཆུ་ཤུགས་གློག་ཁང་ཡོངས་སུ་སྤྱོད་འགོ་ཚུགས་ཏེ་ལོ་བཅུ་འཁོར་ཞིང་། ལོ་བཅུའི་རིང་ཤང་ཅཱ་པཱ་ཆུ་ཤུགས་གློག་ཁང་ནས་རིམ་རྩིས་བྱས་ན་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་3500ལྷག་ཙམ་བཏང་བ་དེ་ནི་ཚད་ལྡན་རྡོ་སོལ་ཏུན་དུང་ཕྱུར་1.05ཙམ་གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་དུང་ཕྱུར་2.89ཙམ་ཉུང་དུ་བཏང་བ་དང་མཚུངས་ནས་ཕྱོགས་བསྡུས་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་དེས་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་འགན་སྲུང་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་མགྱོགས་སུ་གཏོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
མིག་སྔའི་བར། ཤང་ཅཱ་པཱ་ཆུ་ཤུགས་གློག་ཁང་གིས་ཆུ་ལོག་ཐེངས་21བཀག་པ་དང་ཆུ་གསོག་ཚད་སྨི་རྒྱ་དཔངས་དུང་ཕྱུར་56.54ཟིན་ནས་གཙང་འགྲམ་གྲོང་ཁྱེར་གྱི་ཆུ་ལོག་འགོག་པའི་ནུས་པ་ཆེ་རུ་བཏང་ཡོད། (ཚེ་བརྟན་སྒྲོལ་དཀར་གྱིས་བསྒྱུར། པ་ཕན་དང་ཚེ་སྒྲོལ་གྱིས་ཞུས)