གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 08ཚེས་15ཉིན། 15:15】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཧྲན་ཞིའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ལི་པའོ་ཝུན་འཛིན་རྒྱུའི་ཐག་བཅད།
ཧྲན་ཞི་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་ཨུ་ལྷན་གྱི་དེ་སྔའི་སྐོར་ཞིབ་པ་ལི་པའོ་ཝུན་གྱིས་ལྐོག་རྔན་བླངས་པ་དང་གཞུང་ཁོངས་ཀུང་སིའི་མི་སྣའི་འགན་དབང་གང་བྱུང་དུ་སྤྱོད་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་ཧྲན་ཞི་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་དང་ཞུ་གཏུག་བྱ་རྒྱུར་བསྐྱལ་བ་རེད། ཧྲན་ཞི་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་བདག་སྤྲོད་བྱེད་ཁོངས་དམིགས་འཛུགས་བྱས་པ་བརྒྱུད། ཉིན་ཤས་གོང་། ཧྲན་ཞི་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ཐའེ་ཡོན་ལྕགས་ལམ་སྐྱེལ་འདྲེན་ཡན་ལག་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ནག་ཉེས་དང་། གཞུང་ཁོངས་ཀུང་སིའི་མི་སྣས་འགན་དབང་གང་བྱུང་དུ་སྤྱོད་པའི་ནག་ཉེས་ཀྱི་དོགས་གཞི་ཡོད་པའི་ཐོག་ནས་ལི་པའོ་ཝུན་འཛིན་རྒྱུའི་ཐག་བཅད། གྱོད་དོན་འདི་སྒྲུབ་བཞིན་པའི་སྒང་རེད།
ཧུའུ་ནན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ཡའོ་ཧྲུའུ་མིང་འཛིན་རྒྱུའི་ཐག་བཅད།
ཧུའུ་ནན་ཞིང་ཆེན་ཧོའེ་ཧྭ་གྲོང་ཁྱེར་ཨུ་ལྷན་གྱི་དེ་སྔའི་རྒྱུན་ལས་ཨུ་ཡོན་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་དེ་སྔའི་པུའུ་ཀྲང་ཡའོ་ཧྲུའུ་མིང་(ཐིང་གཞོན་པའི་རིམ་པ།)གིས་ལྐོག་རྔན་བླངས་པ་དང་ལྐོག་རྔན་སྤྲད་པའི་དོགས་གཞི་ཡོད་པའི་གྱོད་གཞི་ཧུའུ་ནན་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་དང་ཞུ་གཏུག་བྱ་རྒྱུར་བསྐྱལ་བ་རེད། ཉིན་ཤས་གོང་། ཧུའུ་ནན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ནག་ཉེས་དང་ལྐོག་རྔན་སྤྲད་པའི་ནག་ཉེས་ཀྱི་དོགས་གཞི་ཡོད་པའི་ཐོག་ནས་ཡའོ་ཧྲུའུ་མིང་འཛིན་རྒྱུའི་ཐག་བཅད། གྱོད་དོན་འདི་སྒྲུབ་བཞིན་པའི་སྒང་རེད།
ཧྥུ་ཅན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཀྲང་ཡུང་ཡུས་འཛིན་རྒྱུའི་ཐག་བཅད།
ཧྥུ་ཅན་ཞིང་ཆེན་འཆར་ལྡན་བུ་བཙའི་མཐུན་ཚོགས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་རྒྱུན་ལས་ཆེད་གཉེར་ཚོགས་གཙོ་གཞོན་པ་ཀྲང་ཡུང་ཡུས་(ཐིང་རིམ་པ་རྒན་པ།)ཀྱིས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་ཧྥུ་ཅན་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་དང་ཞུ་གཏུག་བྱ་རྒྱུར་བསྐྱལ་བ་རེད། ཧྥུ་ཅན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ལས་སྒྲུབ་སྤྲད་རྗེས། ཆོན་ཀྲོའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་དང་ཞུ་གཏུག་བྱས་པ་རེད། ཉིན་ཤས་གོང་། ཆོན་ཀྲོའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་ཐོག་ནས་ཀྲང་ཡུང་ཡུས་འཛིན་རྒྱུའི་ཐག་བཅད། གྱོད་དོན་འདི་སྒྲུབ་བཞིན་པའི་སྒང་རེད།