འཚོལ་བཤེར།   
藏文频道
2024ལོའི་ཟླ་8ཚེས་14ཉིན།

༄༅།།ཀྲུང་གོའི་མི་དམངས་དངུལ་ཁང་གིས་འདི་ལག་བསྟར་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 08ཚེས་14ཉིན། 14:27】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཚེས་13ཉིན་ཀྲུང་གོའི་མི་དམངས་དངུལ་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། དངུལ་རྩས་འབྲུབ་འགོག་གེགས་སེལ་དང་དེ་བཞིན་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ཡག་པོར་སྒྲུབ་ཆེད། ཀྲུང་གོའི་མི་དམངས་དངུལ་ཁང་གིས་ཁྲུང་ཆིང་དང་། ཧྥུ་ཅན། ཀོང་ཏུང་། ཀོང་ཞི །ཧོ་ནན། ཧེ་ལུང་ཅང་། ཧུའུ་ནན། ཅི་ལིན། ཅང་ཞི། ལིའོ་ཉིང་། ཧྲའན་ཞི། སི་ཁྲོན་བཅས་ཞིང་ཆེན་12(རང་སྐྱོང་ལྗོངས་དང་གྲོང་ཁྱེར་)ཀྱི་ཞིང་ལས་དང་ཞིང་སྡེ། ཞིང་པ། ཁེ་ལས་ཆུང་བ་དང་ཆུང་གྲས་བཅས་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཐག་བཅད་པ་རེད།

གོམ་སྟབས་རྗེས་མར། ཀྲུང་གོའི་མི་དམངས་དངུལ་ཁང་གིས་འབྲེལ་ཡོད་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར་)གྱི་ཡན་ལག་སྒྲིག་གཞིར་དངུལ་བུན་བསྐྱར་མ་བཏང་བའི་གྲངས་ཚད་བེད་སྤྱོད་ཡག་པོ་དང་འདང་ངེས་སྤྱོད་རྒྱུར་སྐུལ་འདེད་གཏོང་བ་དང་། དངུལ་རྩའི་སྒྲིག་གཞིས་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་གྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་བྱ་རྒྱུར་མཛུབ་ཁྲིད་བྱེད་པ། གོ་རིམ་སྟབས་བདེ་རུ་གཏོང་བ། ཞིབ་མཆན་འགོད་རིམ་མགྱོགས་སུ་གཏོང་བ་བཅས་བྱས་ནས་གནོད་འཚེ་ཕོག་པའི་ཁེ་ལས་ཀྱི་མ་དངུལ་དགོས་མཁོ་འགན་ལེན་བྱེད་པ་དང་ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད།