གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 08ཚེས་13ཉིན། 14:32】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉེ་ཆར་ཀོང་ཀྲོའུ་འགག་སྒོ་ལས་ཁུངས་ཀྱིས་ཀོང་ཀྲོའུ་པའེ་ཡུན་གནམ་ཐང་འགག་སྒོའི་ཞིབ་བཤེར་བགྲོད་ལམ་དུ་འགྲུལ་པས་སྒྲིག་འགལ་གྱིས་རྒྱལ་མཚམས་ནང་འཁྱེར་ཡོང་བའི་ལྗིད་ཚད་ལ་སྟོང་ཁེ་21.55ཡོད་པའི་དབྱར་རྩྭ་དགུན་འབུ་ལག་ཟིན་བྱུང་།
འགག་སྒོ་ལས་ཁུངས་ཀྱིས་དྲན་སྐུལ་བྱས་དོན། དབྱར་རྩྭ་དགུན་འབུ་ནི་འབུ་མེ་ལྕེབ་རིགས་ཀྱི་འབུ་ཕྲུག་དང་སྨར་སྲིན་མཉམ་སྐྱེས་ཀྱི་སྐྱེ་དངོས་ཀྱི་ཕུང་པོ་ཞིག་ཡིན་པས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱེར་མི་ཆོག་པ་དང་སྦྲག་ཐོག་ནས་སྐྱེལ་མི་ཆོག་པའི་སྲོགས་ཆགས་རྩི་ཤིང་དང་དེའི་ཐོན་རྫས་ཀྱི་མིང་ཐོའི》ནང་བཀོད་པའི་མངའ་ཁོངས་སུ་འཛུལ་མི་ཆོག་པའི་དངོས་རྫས་ཀྱི་ཁོངས་སུ་གཏོགས་པ་རེད།