འཚོལ་བཤེར།   
藏文频道
2024ལོའི་ཟླ་8ཚེས་13ཉིན།

༄༅།།ཉེན་རྟོགས་པས་མི་60བཟུང་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 08ཚེས་13ཉིན། 14:03】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     “ཉེན་རྟོག་གི་ཐད་གཏོང་རླངས་འཁོར་-ཧྲང་ཧའེ་”ཞེས་པའི་དཔོད་ཕྲན་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། དབྱར་ཁའི་གུང་གསེང་ཚུན་དུ། ཧྲང་ཧའེ་ཡི་རིག་གནས་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་ངང་དར་རྒྱས་ཕྱིན་པ་དང་། མཛེས་ལྗོངས་ཁུལ་ཆེ་གྲས་ཁག་གི་ཡུལ་སྐོར་བའི་གྲངས་འབོར་ཆེས་ཆེར་འཕར་ཡོད། འོན་ཀྱང་། སྤྱི་པའི་སྒྲིག་ལམ་དཀྲུག་པའི་བྱེད་སྤྱོད་ཁག་གཅིག་གིས་ཡུལ་སྐོར་བའི་མྱོང་ཚོར་བཟང་པོར་ཤུགས་རྐྱེན་ཐེབས་ཡོད། ཉིན་ཤས་བསྟུད་མར་ཧྲང་ཧའེ་ཉེན་རྟོག་ཕྱོགས་ཀྱིས་“ཆེད་ལས་+ལམ་སྲོལ་+གཞི་གྲངས་ཆེན་པོ་”ཞེས་པའི་ཉེན་རྟོག་ལས་དོན་གྱི་འཁོར་སྐྱོད་རྣམ་པ་གསར་པར་བརྟེན་ནས། ཆེད་དོན་རྡུང་རྡེག་དང་བཅོས་སྒྲིག་བྱ་སྤྱོད་མུ་མཐུད་སྤེལ་ཏེ་འཛད་སྤྱོད་པར་མགོ་སྐོར་གཏོང་བ་དང་། འཛིན་ཤོག་ལོག་འཚོང་། གོ་རིམ་དཀྲུག་པ་སོགས་ཚོང་ལས་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་རྡུང་རྡེག་དང་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་པ་རེད། ཆེད་དོན་བྱ་སྤྱོད་སྤེལ་བ་ནས་བཟུང་། འབྲེལ་ཡོད་གྱོད་གཞི་ཁྱོན་བསྡོམས་40ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། གྱོད་དོན་དང་འབྲེལ་བ་ཡོད་པའི་མི་སྣ་60ལྷག་ཙམ་བཟུང་བ་རེད།