གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 08ཚེས་12ཉིན། 13:58】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉེ་སྔོན། ཁ་རོབ་ཆུས་ནས་ཡིན་པའི་ཉི་མ་ལྷ་མོ་ལ་ཆིང་ཧྭ་སློབ་ཆེན་གྱི་བརྡ་ཐོ་འབྱོར་བ་དང་། འདི་ནི་ཆབ་མདོ་གྲོང་ཁྱེར་ལ་ད་ལོར་ཆིང་ཧྭ་སློབ་ཆེན་གྱི་བརྡ་ཐོ་འབྱོར་ཐེངས་ཐོག་མ་དེ་རེད། སྦྲག་སྐྱེལ་བ་བྱམས་པ་ཐུབ་སྟོབས་ཀྱིས་ཆ་འཕྲིན་ངོས་འཛིན་བྱས་རྗེས། ཆིང་ཧྭ་སློབ་ཆེན་གྱི་བརྡ་ཐོ་ཉི་མ་ལྷ་མོ་ལ་སྤྲད་པ་དང་། ཉི་མ་ལྷ་མོ་དང་ཁྱིམ་མི་ལ་ཁ་བཏགས་དང་མེ་ཏོག་ཕུལ་བ་རེད།
ཉི་མ་ལྷ་མོ་ནི་ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོ་ནས་ཡིན་ཞིང་། ཡིག་རྒྱུགས་གོང་བཅར་འདྲི་བྱེད་དུས་ཁོ་མོས་རང་ཉིད་ཀྱི་ཆུ་ཚད་ངོ་མ་བཞིན་རྒྱུགས་སྤྲོད་ཐུབ་རེ་ཡོད་པ་བསྟན།
དམིགས་ཡུལ་ནི་ཆིང་ཧྭ་སློབ་ཆེན་ཡིན་པས། སྐར་གྲངས་མཐོ་ཙམ་ལེན་པའི་རེ་བ་བྱེད་ཀྱི་ཡོད། ད་ཆ། ཉི་མ་ལྷ་མོའི་བསམ་དོན་འགྲུབ་ནས་ཆིང་ཧྭ་སློབ་ཆེན་གྱི་རིག་ནུས་བཟོ་སྐྲུན་དང་སྒྲིག་ཆས་རིགས་ཀྱི་ཆེད་ལས་ཀྱིས་བསྡུས་པ་རེད། རང་གི་དམིགས་ཡུལ་སློབ་ཆེན་དུ་རྒྱུགས་འཕྲོད་པས་དགའ་སྤྲོ་ཆེན་པོ་བྱེད་ཀྱི་ཡོད།
ཉི་མ་ལྷ་མོའི་བཤད་དོན། འབྱུང་འགྱུར་ལོ་བཞིའི་སློབ་ཆེན་གྱི་འཚོ་བའི་ནང་། ངས་དེ་བས་སྣ་མང་ཕུན་སུམ་ཚོགས་པོ་ཡོང་བ་བྱས་ནས་ལང་ཚོ་ལ་བློ་ཕམ་མེད་པའི་རེ་བ་བྱེད་ཀྱི་ཡོད། འདས་ཟིན་པའི་ལོ་གསུམ་རིང་གི་མཐོ་རིམ་སློབ་འབྲིང་གི་འཚོ་བའི་ནང་ངས་དགེ་རྒན་གྱིས་ང་རང་གསོ་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཕ་མས་ང་ལ་རྒྱབ་སྐྱོར་གནང་བ་དང་རང་ཉིད་ཀྱིས་འབད་བརྩོན་ལྷོད་མེད་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འབྱུང་འགྱུར་ཇེ་ལེགས་ཡིན་པའི་རེ་བ་ཡོད།