འཚོལ་བཤེར།   
藏文频道
2024ལོའི་ཟླ་8ཚེས་12ཉིན།

༄༅།།བོད་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ཞབས་བྲོའི་འགྲན་བསྡུར་ཆེན་པོའི་མཐའ་བསྡུར་བྱས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 08ཚེས་12ཉིན། 09:59】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

འདི་ནི《མཛེས་པའི་གར་སྟབས》འཁྲབ་བཞིན་པ།

འདི་ནི《མཛེས་པའི་གར་སྟབས》འཁྲབ་བཞིན་པ།

     ཉེ་ཆར། བོད་ལྗོངས་ཟློས་གར་ཁང་ཆེན་པོའི་ཟློས་གར་ར་བ་ཆེན་པོར་བོད་རང་སྐྱོང་ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཅུས་དང་བོད་རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པའི་བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་སྟེ། ལྗོངས་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ཞབས་བྲོའི་འགྲན་བསྡུར་ཆེན་པོ(མཐའ་བསྡུར)བྱས་ཤིང་། འགྲན་བསྡུར་ནང་འཐུས་མི་རུ་ཁག་ཁྱོན་12ཞུགས་ཡོད་པ་རེད། འགྲན་བསྡུར་དྲག་པོ་བྱས་མཐར་བོད་རང་སྐྱོང་ལྗོངས་ལས་བྱེད་པ་རྒན་གྲས་ཀྱི་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས་པའི《མཛེས་པའི་གར་སྟབས》ལ་བྱ་དགའ་ཨང་དང་པོ་ཐོབ་ཡོད།