གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 08ཚེས་08ཉིན། 14:13】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་7ཉིན། དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤྱི་བསྒྲགས་སྤེལ་ནས། ཀྲུང་གོའི་ཡུལ་སྐོར་བ་ཚུད་པའི་དབྱིན་ཇིར་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་བདེ་འཇགས་ལ་ཉེན་ཟོན་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པའི་དྲན་སྐུལ་བྱས་པ་རེད།
སྤྱི་བསྒྲགས་ནང་འཁོད་དོན། ཉེ་ཆར། དབྱིན་ཇིའི་ས་ཆ་མང་པོ་ཞིག་ཏུ་ཟིང་ཆ་དང་སྤྱི་ཚོགས་བདེ་འཇགས་ཀྱི་དོན་རྐྱེན་ཐེངས་མང་ཐོན་ཡོད། དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྲུང་གོའི་ཡུལ་སྐོར་བ་ཚུད་པའི་དབྱིན་ཇིར་སྡོད་པའི་ཀྲུང་གོའི་སྤྱི་དམངས་ལ་ས་གནས་དེ་གའི་བདེ་འཇགས་གནས་ཚུལ་ལ་དོ་ཁུར་ཆེན་པོར་བྱས་ནས། དོན་རྐྱེན་ཐོན་ཡུལ་དུ་མི་བསྐྱོད་རྒྱུའི་དྲན་སྐུལ་སླར་ཡང་བྱས་པ་རེད། གཞུང་ཚབ་ཁང་གིས་བསྟུད་མར་ཁྱབ་བསྒྲགས་བྱས་པའི་བདེ་འཇགས་དྲན་སྐུལ་ལ་དུས་ཐོག་ཏུ་དོ་སྣང་བྱས་ནས། བདེ་འཇགས་ལ་ཉེན་ཟོན་གྱི་ཤུགས་སྣོན་ཏན་ཏིག་རྒྱག་རོགས། ཛ་དྲག་གི་གནས་ཚུལ་འཕྲད་ཚེ། ངེས་པར་དུས་ཐོག་ཏུ་ཉེན་བརྡ་བཏང་ནས་རོགས་སྐྱོར་གནང་རོགས་ཞུ་དགོས་པ་མ་ཟད། དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་འབྲེལ་གཏུག་བྱ་དགོས།
དབྱིན་ཇིའི་ཉེན་རྟོག་ཕྱོགས་ཀྱི་ཉེན་བརྡ་གཏོང་བའི་ཁ་པར་ནི། 999(ཛ་དྲག་མིན་པའི་གནས་ཚུལ་ཡིན་ན་101ལ་ཁ་པར་གཏོང་དགོས།)
ཕྱི་འབྲེལ་པུའི་གོ་ལ་ཧྲིལ་པོའི་གཞུང་ཚབ་སྲུང་སྐྱོང་དང་ཞབས་ཞུའི་འཕྲལ་བསྟུན་ཐད་སྦྲེལ་ཁ་པར་(ཆུ་ཚོད་24)+86-10-12308དང་+86-10-65612308 ཡིན།
དབྱིན་ཇིར་བཅའ་སྡོད་གཞུང་ཚབ་ཁང་།+44-7536174993
མན་ཁྲེ་སི་ཐེར་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་། +44-161-2248986
ཨའེ་ཏིང་པའོ་རུ་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་།+44-131-3374449
པེར་ཧྥ་སི་ཐེར་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་། +44-7895306461