འཚོལ་བཤེར།   
藏文频道
2024ལོའི་ཟླ་8ཚེས་7ཉིན།

༄༅།།ཚེ་རིང་ལྷ་མོར་ཆིང་ཧྭ་སློབ་ཆེན་གྱི་བརྡ་ཐོ་འབྱོར་བར་རྟེན་འབྲེལ་ཞུ། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 08ཚེས་07ཉིན། 14:59】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་8ཚེས་3ཉིན། གཞིས་རྩེ་གྲོང་ཁྱེར་ངམ་རིམ་རྫོང་མདོ་སྤེ་ཤང་གྲོ་ལུང་གྲོང་ཚོ་ནས་ཡིན་པའི་ཚེ་རིང་ལྷ་མོར་ཆིང་ཧྭ་སློབ་ཆེན་གྱི་བརྡ་ཐོ་འབྱོར་ཡོད་པ་རེད། ད་ལོར་མཐོ་རྒྱུགས་ལ་ཞུགས་པའི་ཁོ་མོ་ཆིང་ཧྭ་སློབ་ཆེན་ཁྲིམས་ལུགས་རིག་པར་བསྡུས་པ་དང་། གྲོང་ཚོའི་ནང་ཆིང་ཧྭ་སློབ་ཆེན་དུ་འགྲོ་མཁན་དང་པོ་དེ་ཡིན་པ་རེད།

   2002ལོར། ཚེ་རིང་ལྷ་མོ་གྲོ་ལུང་གྲོང་ཚོའི་གྲོང་གསེབ་ཀྱི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། དམའ་འབྲིང་སྐབས་སུ་གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་འབྲིང་དུ་སློབ་སྦྱོང་བྱས་པ་དང་། མཐོ་འབྲིང་སྐབས་སུ་ལྷ་སའི་སློབ་འབྲིང་དུ་སློབ་སྦྱོང་བྱས་པ་རེད།

   ཆིང་ཧྭ་སློབ་ཆེན་གྱི་བརྡ་ཐོ་འབྱོར་དུས། ཁོ་མོ་དགའ་ཚོར་ཆེན་པོ་སྐྱེས་ཏེ་གཟི་བརྗིད་འདི་ནི་ཁྱིམ་མི་ཡོངས་ལ་དབང་བ་རེད། འདི་ནི་ཁྱིམ་མི་ཚོས་ལོ་ངོ་བཅུ་ལྷག་གི་དཀའ་སྤྱད་ལ་ཐོབ་པའི་གྲུབ་འབྲས་རེད་ཟེར།

    སློབ་ཆེན་གྱི་འཚོ་བར་སླེབས་ལ་ཉེ་བའི་དུས་འདིར། ཚེ་རིང་ལྷ་མོས་རང་ཉིད་ཀྱི་བསམ་པ་དང་རེ་སྨོན་སྐོར་བཤད་དོན་དུ། བརྡ་ཐོ་འབྱོར་དུས་ང་རང་སེམས་པ་ཧ་ཅང་སྐྱིད་པོ་བྱུང་། གང་ཡིན་ཟེར་ན། ཆིང་ཧྭ་སློབ་ཆེན་ནི་ངའི་རེ་སྨོན་བྱེད་སའི་སློབ་ཆེན་རེད། ངས་ངེས་པར་དུ་དགེ་རྒན་དང་ཕ་མའི་རེ་བ་སྟོང་ཟད་དུ་མི་གཏོང་བར། སློབ་ཆེན་ནང་ཆེད་ལས་ཀྱི་ཤེས་བྱ་ཡག་པོར་སྦྱོང་རྒྱུ་དང་། ནུས་པ་ཆེ་རུ་གཏོང་བ། གྲུབ་འབྲས་སྔར་ལས་ལེགས་པོ་ཐོབ་པར་བྱས་ནས་ཕ་མ་དང་དགེ་རྒན་ལ་དྲིན་ལན་འཇལ་རྒྱུ་དང་། སྤྱི་ཚོགས་ལ་ཕན་ཐོགས་པའི་མི་ཞིག་ཏུ་འགྱུར་བའི་རྒྱུར་འབད་པ་བྱ་རྒྱུ་ཡིན་ཟེར།