གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 08ཚེས་05ཉིན། 13:34】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཚེས་4ཉིན་གྱི་ཕྱི་དྲོར། སི་ཁྲོན་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་ཀུའུ་ཙན་དུ་“8·03”ཉིན་གྱི་ཆུ་ལོག་འདམ་རྡོའི་ཆུ་རུད་ལ་ཁ་གཏད་གཅོག་ཐབས་བཀོད་འདོམས་པུའུ་ཡིས་བརྡ་ཁྱབ་བཏང་དོན། ཟླ་8ཚེས་3ཉིན་གྱི་ཐོ་རེངས་སུ། G4218ཡ་ཡེ་མྱུར་བགྲོད་གཞུང་ལམ་(ཡ་ཨན་དར་མདོ་ལམ་བུ་དང་། དར་མདོ་མངའ་ཁོངས་སུ་)K120+200mཡི་ལམ་དུམ་དུ་གློ་བུར་ཆུ་ལོག་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་ནས། ཕུག་ལམ་གཉིས་བར་གྱི་སྦྲེལ་མཐུད་ཟམ་པ་རྡིབ་པ་དང་འགྲོ་ལམ་ཕྱོགས་གཉིས་ཆད་པ་རེད།
ཚེས་4ཉིན་གྱི་ཆུ་ཚོད་12བར། རླངས་འཁོར་4དང་ཁྱོན་མི་11ཟམ་པའི་འོག་ཏུ་ལྷུང་བའི་ནང་ནས་མི་1བདེ་བླག་ངང་སྐྱོབ་ཐུབ་པ་དང་། སྨན་བཅོས་བྱེད་པར་བསྐྱལ་བ་དང་མི་2རྐྱེན་ལམ་དུ་ཤོར་བ་དང་མི་8འབྲེལ་གཏུག་ཆད་པ་རེད། གནོད་འཚེའི་དབང་གིས་ད་དུང་ཟམ་པའི་ཉེ་འགྲམ་གྱི་དར་མདོ་གྲོང་ཁྱེར་ཀུའུ་ཙན་གྲོང་རྡལ་རི་ཏི་གྲོང་ཚོའི་མི་6རྐྱེན་ལམ་དུ་ཤོར་བ་དང་མི་11འབྲེལ་གཏུག་ཆད་པ་རེད།