གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 08ཚེས་02ཉིན། 14:29】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཟླ་8ཚེས་2ཉིན་གྱི་ཆུ་ཚོད་06པར་དྲོད་ཚད་མཐོ་བའི་ཉེན་བརྡ་སེར་པོ་མུ་མཐུད་ཁྱབ་བསྒྲགས་བྱས་གསལ་དུ།
སྔོན་དཔག་བྱས་ན། ཟླ་8པའི་ཚེས2ཉིན་གྱི་ཉིན་མོར། འབྲི་ཆུའི་ལྷོ་རྒྱུད་དང་འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཁུལ་མང་ཆེ་བ། ཧྭ་ནན་གྱི་བྱང་རྒྱུད། སི་ཁྲོན་གཤོང་སའི་ཤར་རྒྱུད། ཁྲུང་ཆིང་། ཧྲའན་ཞིའི་དབུས་ལྷོ་རྒྱུད། ཧྲན་ཞིའི་དབུས་རྒྱུད་དང་ལྷོ་ནུབ་རྒྱུད། ཧོ་ནན་གྱི་ནུབ་བྱང་རྒྱུད། ཧྲན་ཏུང་གི་བྱང་རྒྱུད་དང་ལྷོ་རྒྱུད། དེ་བཞིན་ཞིན་ཅང་གི་བྱང་རྒྱུད། ལྷོ་རྒྱུད་ཀྱི་གཤོང་ས། ཐུར་ཧྥན་གཤོང་ས་སོགས་ས་ཁུལ་དུ་ཧྲེ་ཧྲི་ཏུའུ་35ནས་36བར་གྱི་དྲོད་ཚད་མཐོ་བའི་གནམ་གཤིས་བསྟན་རྒྱུ་རེད། དེའི་ནང་། ཨན་ཧུའེ་ཡི་ལྷོ་རྒྱུད། ཅང་སུའུ་ཡི་ལྷོ་རྒྱུད། ཧྲང་ཧའེ། ཧུའུ་པེ་ཡི་ཤར་ལྷོའི་རྒྱུད། ཅང་ཞིའི་བྱང་ཤར་རྒྱུད། ཀྲེ་ཅང་། ཧྥུ་ཅན་གྱི་དབུས་བྱང་རྒྱུད། སི་ཁྲོན་གཤོང་སའི་ཤར་ལྷོའི་རྒྱུད། ཁྲུང་ཆིང་གི་ནུབ་རྒྱུད། ཞིན་ཅང་སོགས་ས་ཁུལ་ཁ་ཤས་སུ་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ་37ནས་39རུ་སླེབས་རྒྱུ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད་ཧྲེ་ཧྲི་ཏུའུ་40ཡན་ལ་སླེབས་སྲིད།
འགོག་སྲུང་ཕྱོགས་སྟོན།
གཅིག འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་གྱིས་འགན་འཁྲི་ལྟར་ཚ་གདུག་སྔོན་འགོག་དང་དྲོད་ཚད་དམའ་རུ་གཏོང་བའི་གྲ་སྒྲིག་ལས་དོན་ཡག་པོར་བསྒྲུབ་དགོས།
གཉིས། ཉིན་གུང་གི་རྗེས་སུ་ཕྱི་རོལ་གྱི་བྱེད་སྒོ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས།
གསུམ། རྒན་རྒོན་དང་ཉམས་ཞན། ནད་པ། བྱིས་པ་བཅས་ལ་ཚ་གདུག་སྔོན་འགོག་དང་དྲོད་ཚད་དམའ་རུ་གཏོང་བའི་མཛུབ་སྟོན་བྱེད་དགོས།
བཞི། དྲོད་ཚད་མཐོ་བའི་ཆ་རྐྱེན་འོག་ཏུ་ལས་ཀ་བྱེད་པ་དང་ཉིན་དཀར་དུས་ཡུན་རིང་པོར་ཕྱི་རོལ་དུ་ལས་ཀ་བྱེད་དགོས་པའི་མི་སྣས་དགོས་ངེས་ཀྱི་འགོག་སྲུང་བྱེད་ཐབས་སྤྱོད་དགོས།