གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 07ཚེས་30ཉིན། 15:03】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་29ཉིན། ཝེ་ནེ་ཙུའེ་ལའི་ཕྱི་འབྲེལ་པུས་སྤྱི་བསྒྲགས་སྤེལ་ནས། ཨ་ཀེན་ཐིན་དང་། ཆི་ལི། ཁོ་སི་ཐ་རི་ཁ། ཕེ་རུ། ཕ་ན་མ། ཏོ་སྨི་ཉི་ཁ། ཝུ་ར་ཀུའེ་བཅས་རྒྱལ་ཁབ་བདུན་གྱི་ཕྱི་འབྲེལ་མི་སྣ་ཚང་མ་ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་མ་ཟད། གོང་གི་རྒྱལ་ཁབ་བདུན་གྱིས་ཝེ་ནེ་ཙུའེ་ལ་རུ་བཅའ་སྡོད་བྱེད་པའི་ཕྱི་འབྲེལ་འཐུས་མི་ཕྱིར་འཐེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།