གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 07ཚེས་29ཉིན། 15:54】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
གསར་འགོད་པས་ཕྱོགས་མང་པོ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཞང་ཅང་གཙང་པོའི་རིམ་པ་དང་པོའི་ཆུ་ལག་ཞང་ཐན་རྫོང་དབྱི་སུའུ་ཧོ་གྲོང་རྡལ་ཞིན་ཐང་གྲོང་ཚོའི་ཆུ་རགས་དུམ་བུ་དེ་ཚེས་28ཉིན་གྱི་ཆུ་ཚོད་21ཡས་མས་སུ་རགས་ཁ་ཤོར་བ་དང་། ཞིབ་ཕྲའི་གནས་ཚུལ་ད་དུང་ཤེས་རྟོགས་བྱེད་བཞིན་པའི་སྒང་ཡིན། ཆུ་བོ་དེ་ཚེས་28ཉིན་ཁག་ཐེག་ཆུ་གནས་ལས་བརྒལ་ཡོད་པ་རེད།
ཉེན་ཁའི་གནས་ཚུལ་ཐོན་རྗེས། ས་གནས་དེ་གའི་རོགས་སྐྱོབ་མི་སྣ་ཡུལ་དངོས་སུ་བསྐྱོད་དེ་མི་སྣ་གནས་སྤོ་བའི་སྒྲིག་འཛུགས་དང་། འཕྲལ་བསྟུན་ཉེན་སེལ་ལས་དོན་སྤེལ་བཞིན་ཡོད་པ་རེད།