འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་25ཉིན།

༄༅།།རྒན་ཡོལ་ལས་བྱེད་པར་ཁང་ས་བགོ་མི་ཆོག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་25ཉིན། 14:34】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཚེས་24ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ”ཞེས་པའི་བརྗོད་བྱ་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། ཞིང་ལས་དང་གྲོང་གསེབ་པུའི་ཏང་ཙུའུ་ཡི་ཧྲུའུ་ཅི་ཧན་ཅུན་གྱིས་ཚོགས་འདུའི་ཐོག གྲོང་གསེབ་ཏུ་བསྐྱོད་ནས་གྲོང་གསེབ་ཀྱི་ཁང་ས་སྤྱད་དེ་སྤྲོ་ཁང་དང་མི་སྒེར་གྱི་འདུ་ཁང་བསྐྲུན་རྒྱུ་གཏན་འགོག་ནན་མོ་བྱེད་དགོས་པ་དང་། ལས་འཁྱུར་ངལ་གསོ་བྱས་ནས་ཕ་ཡུལ་དུ་ལོག་པའི་ལས་བྱེད་པ་དང་ལས་བཟོ་བར་ཁང་ས་བགོས་ནས་ཁང་པ་བསྐྲུན་རྒྱུ་གཏན་འགོག་ནན་མོ་བྱས་ཏེ། སྲིད་ཇུས་ཀྱི་གཞི་ཐིག་དམ་སྲུང་ཡག་པོ་བྱ་དགོས་ཞེས་ནན་བཤད་གནང་བ་རེད།

ཧན་ཅུན་གྱིས་བསྟན་དོན། ད་ལྟ་ལག་ལེན་བསྟར་བཞིན་པའི་སྲིད་ཇུས་ནི་ཞིང་པའི“དབང་ཆ་གསུམ”རང་མོས་ངང་རིན་དོད་ཡོད་པའི་སྒོ་ནས་ཕྱིར་འཐེན་བྱེད་པའི་བྱ་ཐབས་འཚོལ་ཞིབ་བྱེད་ཆོག་མོད། འོན་ཀྱང་ངེས་པར་དུ་བརྟན་པོའི་ངང་སྤྱོད་དགོས། ཁང་ས་སྤྱོད་དབང་ཕྱིར་འཐེན་བྱེད་པར་དཔེ་བཞག་ན། སྤྱིའི་སྲིད་ཇུས་ཀྱི་དགོངས་གཞི་ནི། འདིའི་ཐད་ཀྱི་འབྲེལ་ཡོད་སྲིད་ཇུས་འདོན་སྐབས་ངེས་པར་དུ་གཟབ་ནན་བྱེད་དགོས། སྒོར་ཁྲི་ཁ་ཤས་བཏང་ནས་བཙོངས་བཞག་ན། ཞིང་པའི་ཕུགས་ཀྱི་ཁེ་ཕན་ལ་ཕན་ཐོགས་ཡོད་པའི་ངེས་པ་མེད། ངེས་པར་དུ་ཞིང་པར་རྗེས་ལམ་ཞིག་འཇོག་དགོས་པ་དང་། ངེས་པར་དུ་ཞིང་པའི་ཕུགས་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་དགོས།

ཧན་ཅུན་གྱིས་ནན་བཤད་བྱས་དོན། ཁང་ས་སྤྱོད་དབང་བཅའ་ཁྲིམས་ཐོག་གཏན་འཁེལ་ཧ་ཅང་གསལ་པོ་བྱས་ཡོད། ཁང་ས་སྤྱོད་དབང་ནི་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིར་ལོངས་སུ་སྤྱོད་པའི་དབང་ཆ་ཞིག་ཡིན། དེ་ཡང་གསལ་པོར་བཤད་ན། ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མི་མིན་ན་ཐོབ་དབང་མེད་པའམ་ཡང་ན་རྣམ་པ་འགྱུར་ནས་ཐོབ་པའི་དབང་ཆའང་མེད། བཅའ་ཁྲིམས་ཡོད་ཚད་ཀྱིས་འདིའི་ཐད་ནས་ཧ་ཅང་གསལ་པོ་བཤད་ཡོད་ལ། སྲིད་ཇུས་ཀྱི་བླང་བྱའང་ཧ་ཅང་གསལ་པོ་ཡིན། དེའི་ཐད་རྣམ་པ་གང་རུང་གི་ཐོག་ནས་བབ་བསྟུན་བྱེད་མི་རུང་བར། གྲོང་གསེབ་ཏུ་བསྐྱོད་ནས་གྲོང་གསེབ་ཀྱི་ཁང་ས་སྤྱད་དེ་སྤྲོ་ཁང་དང་མི་སྒེར་གྱི་འདུ་ཁང་བསྐྲུན་རྒྱུ་གཏན་འགོག་ནན་མོ་བྱེད་དགོས་པ་དང་། ལས་འཁྱུར་ངལ་གསོ་བྱས་ནས་ཕ་ཡུལ་དུ་ལོག་པའི་ལས་བྱེད་པ་དང་ལས་བཟོ་བར་ཁང་ས་བགོས་ནས་ཁང་པ་བསྐྲུན་རྒྱུ་གཏན་འགོག་ནན་མོ་བྱས་ཏེ། སྲིད་ཇུས་ཀྱི་གཞི་ཐིག་དམ་སྲུང་ཡག་པོ་བྱ་དགོས།

ཧན་ཅུན་གྱིས་བསྟན་དོན། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《ཆོད་དོན》ནང་། ད་ལྟ་ལག་ལེན་བསྟར་བཞིན་པའི་སྲིད་ཇུས་ནི་ཞིང་དུད་ལ་ཁྲིམས་མཐུན་ངང་དབང་བའི་སྡོད་ཁང་བོགས་མར་གཏོང་བ་དང་། མ་རྐང་ནང་ཞུགས་པ། མཉམ་ལས་སོགས་ཀྱི་བྱ་ཐབས་བརྒྱུད་བེད་སྤྱོད་གཏོང་ཆོག་པ་དེ་ཡིན་པ་དང་། དེའི་ཐད་ས་གནས་ཁག་གིས་འཚོལ་ཞིབ་ཧུར་ཐག་བྱས་ནས། ཞིང་པར་སྒྱུར་བཅོས་ཀྱི་ཁེ་ཕན་དེ་བས་མང་བ་ལོངས་སུ་སྤྱོད་དུ་འཇུག་ཆོག་ཅེས་གསལ་པོ་བསྟན་ཡོད།