འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་25ཉིན།

༄༅།།ཞི་ཅིན་ཕིང་གིས་ཁཱ་ཅ་མེས་རུ་ཝང་ཏའི་ཙུང་ཐུང་གི་འགན་བསྟུད་མར་བཞེས་པར་གློག་འཕྲིན་བཏང་གནང་ནས་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་25ཉིན། 13:25】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པའོ་ལུའོ་·ཁཱ་ཅ་མེ་ལ་གློག་འཕྲིན་བཏང་གནང་ནས་ཁོང་གིས་རུ་ཝང་ཏ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བསྟུད་མར་བཞེས་པར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས། རུ་ཝང་ཏ་ནི་ཀྲུང་གོའི་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱལ་ཁབ་ཅིག་ཡིན། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་སྟེ་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད། ངས་སྐུ་ཞབས་ཙུང་ཐུང་དང་མཉམ་དུ་ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་སྔར་བས་ཟབ་ཏུ་བཏང་ནས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱ་སྐྱེད་དང་ཟབ་གཏོང་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་པར་བསླེབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)