འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་25ཉིན།

༄༅།།ཞི་ཅིན་ཕིང་གིས་ཀྲུང་ཨུའི་ནུས་རྒྱུའི་ཚོང་དོན་གླེང་སྟེགས་སྐབས་དྲུག་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་25ཉིན། 13:24】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཨུའི་ནུས་རྒྱུའི་ཚོང་དོན་གླེང་སྟེགས་སྐབས་དྲུག་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། འདི་ལོ་ནི་ཀྲུང་ཨུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་ཡིན་ཞིང་། ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོག ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ཤུགས་ཆེན་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་ནུས་རྒྱུའི་མཉམ་ལས་ཉིན་རེ་བཞིན་ཚགས་ཚུད་དང་སྲ་བརྟན་འགྱུར་མེད་ཆགས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་འབྲེལ་ཕན་པ་སྦྱིན་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་ནུས་རྒྱུའི་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། ནུས་རྒྱུའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་དང་མཉེན་ཆ་སྲུང་སྐྱོང་བྱས་ཏེ། གོ་ལ་ཧྲིལ་པོའི་ནུས་རྒྱུའི་ཐོན་ལས་སྔར་བས་ཤུགས་ཆེན་དང་། ལྗང་མདོག སྐྱོན་བྲལ་བཅས་ཀྱི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་སྟོབས་ཤུགས་འབུལ་འདོད་ཡོད།

ཉིན་དེར། ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕུའུ་ཅིང་གིས་ཀྱང་ཀྲུང་ཨུའི་ནུས་རྒྱུའི་ཚོང་དོན་གླེང་སྟེགས་སྐབས་དྲུག་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)