འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་23ཉིན།

༄༅།།སྐྱེད་ཀའི་ཚད་ཡང་བསྐྱར་ལེགས་སྒྲིག་བྱས་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་23ཉིན། 13:50】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཀྲུང་གོའི་མི་དམངས་དངུལ་ཁང་གིས་རྒྱལ་ཡོངས་དངུལ་ཁང་བར་གྱི་ལས་རིགས་གཅིག་པའི་དངུལ་བུན་གཡར་བའི་ལྟེ་གནས་ལ་ཁྱབ་བསྒྲགས་བྱེད་པའི་དབང་ཆ་སྤྲད་དོན། 2024ལོའི་ཟླ་7ཚེས་22ཉིན་དངུལ་བུན་ཁྲོམ་རའི་རིན་གོང་ཞུ་བའི་སྐྱེད་ཀའི་ཚད(LPR)ནི་དུས་ཡུན་ལོ་གཅིག་གི་LPRནི་3.35%དང་། དུས་ཡུན་ལོ་ལྔ་ཡན་གྱི་LPRནི་3.85%ཡིན་པ་ཁྱབ་བསྒྲགས་བྱས་པ་རེད། གོང་གི་LPRནི་ཐེངས་རྗེས་མར་LPRཁྱབ་བསྒྲགས་མ་བྱས་པའི་སྔོན་ལ་ནུས་པ་ཡོད།

2024ལོའི་ཟླ་6ཚེས་20ཉིན། དངུལ་བུན་ཁྲོམ་རའི་རིན་གོང་ཞུ་བའི་སྐྱེད་ཀའི་ཚད(LPR)ནི། དུས་ཡུན་ལོ་གཅིག་གི་LPR ནི་3.45%དང་ལོ་ལྔའི་ཡན་གྱི་LPRནི་3.95%རེད།

སྔོན་དཔག་དོ་དམ་ལ་ཤུགས་བརྒྱབ་ནས་LPRཡོངས་བསྒྲགས་དུས་ཚོད་དང་དངུལ་རྩའི་ཁྲོམ་རའི་འཁོར་སྐྱོད་དུས་ཚོད་བར་འབྲེལ་མཐུད་སྔར་བས་ཡག་པོ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད། 2024ལོའི་ཟླ་7ཚེས་22ཉིན་ནས་བཟུང་། LPRཡོངས་བསྒྲགས་དུས་ཚོད་ཟླ་རེའི་ཚེས་20ཉིན(དུས་ཆེན་དང་ངལ་གསོའི་དུས་ཚོད་འཕྲད་སྐབས་དུས་ཚོད་ཕྱིར་འགྱངས་བྱ་རྒྱུ།)གྱི་སྔ་དྲོའི་ཆུ་ཚོད་9:15ནས་9:00བར་ལེགས་སྒྲིག་བྱ་རྒྱུ་རེད།