འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་19ཉིན།

༄༅།།དམངས་ཕན་ཁ་གསབ་འདི་སྤྲོད་རྒྱུ་རེད།  

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་19ཉིན། 14:37】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 རྒྱལ་ཡོངས་ཀྱི་དབྱར་ཁའི་གུང་གསེང་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་དུས་ཚིགས་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་ཟླ་7ཚེས་17ཉིན་ནང་སོག་ཨེའར་ཏུའོ་སིར་སྤེལ་བ་རེད། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31གིས་དུས་མཉམ་དུ་དབྱར་ཁའི་གུང་གསེང་གི་རིག་གནས་ཡུལ་སྐོར་འཛད་སྤྱོད་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། འཛད་སྤྱོད་འཛིན་ཤོག་དང་། སྤ་སེའི་རིན་གོང་གཟིགས་སྐྱོང་། འཛད་སྤྱོད་ཉུང་འཕྲི། ཕབ་ཆ་སྤྲད་པའི་ཟས་རིགས་སོགས་དམངས་ཕན་བྱ་ཐབས་བཏོན་པ་དང་། ས་གནས་ཁག་དང་རྒྱབ་སྐྱོར་སྒྲིག་གཞི་ཁག་གིས་ཁྱོན་སྒོར་དུང་ཕྱུར་4ལྷག་གི་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་དམངས་ཕན་ཁ་གསབ་སྤྲད་ནས། སྤུས་ལེགས་རིག་གནས་ཡུལ་སྐོར་ཐོན་རྫས་ཀྱིས་ཡུལ་མི་དང་ཡུལ་སྐོར་བ་དེ་བས་མང་བར་ཕན་ཐོགས་པ་དང་། མི་དམངས་མང་ཚོགས་ཀྱི་དབྱར་ཁའི་གུང་གསེང་གི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོར་ཞབས་འདེགས་ཞུ་རྒྱུ་རེད།