“དར་རྒྱས་འགྲོ་བཞིན་པའི་ཀྲུང་གོར་”རྟོག་ཞིབ་བྱེད་པར་བསྐྱོད།
གསར་འགྱུར་སྤེལ་དུས། 【2024ལོའི་ཟླ་ 07ཚེས་18ཉིན། 13:49】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ནག་ཆུ་མེ་འཁོར་བབས་ཚུགས་ནི་བོད་རང་སྐྱོང་ལྗོངས་ཀྱི་“བྱང་སྒོའི་”བོད་བྱང་བྱང་ཐང་རྩྭ་ཐང་དུ་གནས་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4513ཡོད་ཅིང་། རང་བྱུང་ཆ་རྐྱེན་དཀའ་ཚེགས་ཆེ་ལ་ཁོར་ཡུག་ཧ་ཅང་ཞན་པོ་ཡོད་པ་རེད། ས་ཚིགས་དེར་ལོ་ལྟར་ས་གནས་དེ་གའི་རྨང་གཞིའི་འཛུགས་སྐྲུན་ཀྱི་དངོས་ཟོག་དང་འཚོ་བའི་དངོས་ཟོག་སྐྱེལ་འདྲེན་སོགས་ཀྱི་ནུས་པ་ལྡན་པས། མཚོ་བོད་ལྕགས་ལམ་ཐོག་འགྲུལ་སྐྱེལ་དང་དངོས་ཟོག་གི་ལས་སྒོ་གཉེར་བའི་ས་ཚིགས་ཉུང་ཤས་གྲས་ཤིག་རེད།
ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་སྐྱེལ་འདྲེན་ཞབས་ཞུ་ཉིན་བཞིན་སྟབས་བདེ་རུ་ཕྱིན་ནས། འགྲོ་སྐྱོད་“ཐུབ་པ་”ནས་“འགྲོ་སྐྱོད་ཡག་པོར་ཐུབ་པ་”དང་། སྐྱེལ་འདྲེན་“ཐུབ་པ་”ནས་“སྐྱེལ་འདྲེན་ཡག་པོར་ཐུབ་པའི་”བར་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
ནག་ཆུ་ས་ཚུགས་ཀྱི་ཚུགས་དཔོན་གཞོན་པ་ལི་ཅི་ཧོན་གྱིས། “ད་ཆ། ནག་ཆུ་ས་ཚུགས་ཀྱིས་ལོ་རེར་དངོས་ཟོག་ཏུན་ཁྲི་6.23སྐྱེལ་འདྲེན་བྱས་ནས་ཏུན་ཁྲི་30.9ཟིན་པ་དང་། ལོ་རེར་འགྲུལ་པ་ཐེངས་གྲངས་ཁྲི་31.3སྐྱེལ་འདྲེན་བྱས་ནས་ཐེངས་གྲངས་ཁྲི་32.1ཟིན་ནས་ཡུལ་སྐོར་ལས་རིགས་དང་ཞབས་ཞུའི་ལས་རིགས་གཉིས་ཀར་དགེ་མཚན་ལྡན་པའི་འཕེལ་རྒྱས་ཀྱི་རྣམ་པ་མངོན་ཡོད་”ཅེས་ངོ་སྤྲོད་བྱས་པ་རེད།
སྐལ་བཟང་མེ་ཏོག་ནི་མཚོ་བོད་ས་མཐོའི་སྐྱེ་སྟོབས་ཆེ་ཤོས་ཀྱི་མེ་ཏོག་ཅིག་ཡིན་ཞིང་། དེས་མཛེས་སྡུག་དང་བདེ་སྐྱིད་མཚོན་གྱི་ཡོད། ནག་ཆུ་མེ་འཁོར་བབས་ཚུགས་ནི་མཁའ་ལམ་དུ་བཞད་པའི་སྐལ་བཟང་མེ་ཏོག་དང་འདྲ་བར་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་མི་སེར་གྱི་འཚོ་བར་བདེ་སྐྱིད་དང་རེ་བ་སྦྱིན་ཡོད།