འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་17ཉིན།

༄༅།།ཨ་རིས་ལྗར་པན་དུ་འདི་བཀོད་སྒྲིག་བྱ་རྒྱུ་ཡིན་པར་དོགས་ཟོན་བགྱིས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་17ཉིན། 14:28】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཚེས་15ཉིན་ལྗར་པན་དུ་བཅའ་སྡོད་ཨ་རིའི་དམག་དཔུང་གིས་“ཝ་ཧྲིན་ཏོན་”རྟགས་ཅན་གྱི་དམག་དོན་གྲུ་གཟིངས་ལྗར་པན་དུ་བཅའ་སྡོད་བྱེད་པར་གཞོགས་འདེགས་བྱེད་ཆེད། ལྗར་པན་ནུབ་རྒྱུད་ཀྱི་ཡན་གོ་རྟེན་གཞིར་F-35Cདམག་འཐབ་གནམ་གྲུ་བཀོད་སྒྲིག་བྱ་རྒྱུའི་ཁྱབ་བསྒྲགས་བྱས། དེ་ནི་ཨ་རིའི་དམག་དཔུང་གིས་ལྗར་པན་དུ་དམག་དོན་གྲུ་གཟིངས་རྣམ་པའི་F-35དམག་འཐབ་གནམ་གྲུ་བཀོད་སྒྲིག་བྱེད་ཐེངས་དང་པོ་རེད། འཆར་གཞི་དེ་ལེགས་གྲུབ་བྱུང་རྗེས། ལྗར་པན་དུ་བཅའ་སྡོད་ཨ་རིའི་དམག་དཔུང་གིས་བཟོ་དབྱིབས་Aདང་B Cབཅས་གསུམ་གྱི་F-35བསྡུ་རུབ་བྱ་རྒྱུ་ཡིན་པ་རེད། 2015ལོ་ནས་བཟུང་། ལྗར་པན་དུ་རྒྱུན་སྡོད་“ལི་ཀེན་”རྟགས་ཅན་གྱི་དམག་དོན་གྲུ་གཟིངས་ཨ་རིར་ཕྱིར་ལོག་བྱེད་བཞིན་ཡོད་པས། དེའི་ཚབ་“ཝ་ཧྲིན་ཏོན་”རྟགས་ཅན་གྱིས་བྱེད་ཀྱི་ཡོད།