འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་17ཉིན།

༄༅།།ཚ་བ་རྒྱས་པའི་ཉེན་བརྡ་སེར་པོ་བཏང་འདུག 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་17ཉིན། 14:25】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཟླ་7ཚེས་17ཉིན་གྱི་ཆུ་ཚོད་06པར་དྲོད་ཚད་མཐོ་བའི་ཉེན་བརྡ་སེར་པོ་མུ་མཐུད་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན། ཟླ་7ཚེས་17ཉིན་གྱི་ཉིན་མོར། ཁྲུང་ཆིང་དང་ཀུའེ་ཀྲོའུ་ཡི་ཤར་རྒྱུད། ཧུའུ་པེའི་ཡི་ལྷོ་རྒྱུད་དང་ནུབ་རྒྱུད། ཧུའུ་ནན། ཅང་ཞི། ཀྲེ་ཅང་། ཧྥུའུ་ཅན། ཅང་སུའུ་ཡི་ལྷོ་རྒྱུད། ཧྲང་ཧའེ། ཀོང་ཞིའི་བྱང་ཤར་རྒྱུད། ཀོང་ཏུང་གི་བྱང་རྒྱུད། དེ་བཞིན་ཞིན་ཅང་ལྷོ་རྒྱུད་གཤོང་སའི་དབུས་ཤར་རྒྱུད་དང་ནང་སོག་གི་ནུབ་བྱང་རྒྱུད། ཀན་སུའུ་ཡི་ནུབ་རྒྱུད། ཧྲའན་ཞིའི་བྱང་ཤར་རྒྱུད། པེ་ཅིང་གི་དབུས་ལྷོ་རྒྱུད། ཧོ་པེ་ཡི་ལྷོ་རྒྱུད་སོགས་ས་ཁུལ་དུ་དྲོད་ཚད་35℃ཡན་གྱི་ཚ་བ་རྒྱས་པའི་གནམ་གཤིས་ཐོན་རྒྱུ་རེད། དེའི་ནང་ཞིན་ཅང་ལྷོ་རྒྱུད་གཤོང་སའི་དབུས་ཤར་རྒྱུད་དང་། ཁྲུང་ཆིང་གི་ལྷོ་རྒྱུད་དང་བྱང་ཤར་རྒྱུད། ཀུའེ་ཀྲོའུ་ཡི་བྱང་ཤར་རྒྱུད། ཧུའུ་པེའི་ལྷོ་རྒྱུད། ཧུའུ་ནན་གྱི་ས་ཁུལ་མང་ཆེ་བ། ཅང་ཞིའི་ས་ཁུལ་མང་ཆེ་བ། ཀྲེ་ཅང་གི་ས་ཁུལ་མང་ཆེ་བ། ཧྥུའུ་ཅན་གྱི་དབུས་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་ཀྱི་དྲོད་ཚད་མཐོ་ཤོས་37ནས་39℃ཡིན་པ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད་40℃ཡན་ལ་སླེབས་སྲིད།

འགོག་སྲུང་ཕྱོགས་སྟོན།

གཅིག འབྲེལ་ཡོད་སྡེ་ཁག་དང་སྡེ་ཚན་གྱིས་འགན་འཁྲི་ལྟར་ཚ་གདུག་སྔོན་འགོག་དང་དྲོད་ཚད་དམའ་རུ་གཏོང་བའི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབ་དགོས།

གཉིས། ཉིན་གུང་གི་རྗེས་སུ་ཕྱི་རོལ་གྱི་བྱེད་སྒོ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས།

གསུམ། རྒན་པ་དང་ཉམས་ཞན། ནད་པ། བྱིས་པ་བཅས་ལ་ཚ་གདུག་སྔོན་འགོག་དང་དྲོད་ཚད་དམའ་རུ་གཏོང་བའི་མཛུབ་སྟོན་བྱེད་དགོས།

བཞི། དྲོད་ཚད་མཐོ་བའི་ཆ་རྐྱེན་འོག་ཏུ་ལས་ཀ་བྱེད་པ་དང་ཉིན་དཀར་དུས་ཡུན་རིང་པོར་ཕྱི་རོལ་དུ་ལས་ཀ་བྱེད་དགོས་པའི་མི་སྣས་དགོས་ངེས་ཀྱི་འགོག་སྲུང་བྱེད་ཐབས་སྤྱོད་དགོས།