འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་17ཉིན།

༄༅།།སི་ཁྲོན་དང་ཁྲུང་ཆིང་གིས་མཉམ་འབྲེལ་ཐོག་གཙོ་གནད་ཁྱབ་ཁོངས་ཀྱི་ཚན་རྩལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་17ཉིན། 11:00】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་ཁྲུང་ཆིང་ནས་ཟླ་7ཚེས་14ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཁྲུང་ཆིང་གྲོང་ཁྱེར་ཚན་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། ཁྲུང་ཆིང་གིས་2024ལོའི་སི་ཁྲོན་དང་ཁྲུང་ཆིང་གི་ཚན་རྩལ་གསར་གཏོད་མཉམ་ལས་འཆར་གཞིའི་རྣམ་གྲངས་རེ་ཞུའི་ལས་དོན་སྤེལ་འགོ་ཚུགས་ཏེ་སི་ཁྲོན་དང་ཁྲུང་ཆིང་གི་ལེགས་ལྡན་ཚན་རྩལ་ཐོན་ཁུངས་གཅིག་ཏུ་བསྡུས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཚན་རྩལ་འགག་སྒྲོལ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བཞིན་ཡོད། ད་ཐེངས་ཀྱི་གཙོ་གནད་རྒྱབ་སྐྱོར་བྱེད་ཕྱོགས་ནང་སྔོན་ཐོན་བཟོ་སྐྲུན་དང་། མི་འབོར་བདེ་ཐང་། ཞིང་ལས་ལག་རྩལ་གསར་ཤོས། སྐྱེ་ཁམས་ཁོར་ཡུག སྤྱི་པའི་བདེ་འཇགས་བཅས་ཁྱབ་ཁོངས་ཆེན་པོ་ལྔ་ཚུད་པ་དང་། རྣམ་གྲངས་རྐྱང་པར་རོགས་སྐྱོར་དངུལ་འབོར་མང་ཤོས་སྒོར་ཁྲི་50ཟིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གོང་གསལ་གྱི་ཁྱབ་ཁོངས་ཁག་གི་རྣམ་གྲངས་འཛུགས་པར་རྒྱབ་སྐྱོར་ཁ་གྲངས་10ལས་མི་བརྒལ་བ་དང་རིམ་རྩིས་བརྒྱབ་པའི་རྣམ་གྲངས་འཛུགས་པར་རྒྱབ་སྐྱོར་ཁ་གྲངས་50ལས་བརྒལ་མེད། རྣམ་གྲངས་རྐྱང་པའི་གྲོང་ཁྱེར་རིམ་པའི་ནོར་སྲིད་མ་དངུལ་གྱི་རོགས་སྐྱོར་རེ་ཞུའི་དངུལ་འབོར་སྒོར་ཁྲི་30ནས་50བར་ཡིན་པ་དང་ལས་དོན་མ་སྤེལ་གོང་གི་རོགས་སྐྱོར་བྱེད་སྟངས་སྤྱད་ཡོད། ད་ཕན་ལོ་ཤས་རིང་སི་ཁྲོན་དང་ཁྲུང་ཆིང་གིས་ཚན་རྩལ་མཉམ་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་སི་ཁྲོན་དང་ཁྲུང་ཆིང་གི་ཚན་རྩལ་གསར་གཏོད་མཉམ་ལས་འཆར་གཞི་རྒྱུན་མཐུད་ལག་བསྟར་བྱས་ཏེ་ལག་རྩལ་འགག་སྒྲོལ་རྣམ་གྲངས་ཁག་161མཉམ་འབྲེལ་ཐོག་ལག་ལེན་བསྟར་བ་རེད།