འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་16ཉིན།

༄༅།།ཀྲུང་གོས་ཨ་རིར་རྒོལ་བའི་གསལ་ཐོ་ཁྱབ་བསྒྲཊ་བྱས། 

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་16ཉིན། 15:03】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

 ཟླ་7ཚེས་12ཉིན། ཕྱི་འབྲེལ་པུས་《ཨ་རིའི་དམག་དོན་བཟོ་ལས་ཁེ་ལས་དང་དེ་བཞིན་མཐོ་རིམ་དོ་དམ་མི་སྣར་ངོ་རྒོལ་བྱ་ཐབས་སྤྱོད་རྒྱུའི་སྐོར་གྱི་གཏན་འབེབས་》ཁྱབ་བསྒྲགས་བྱས་ནས། 2024ལོའི་ཟླ་7ཚེས་12ཉིན་ནས་བཟུང་ལག་བསྟར་བྱ་རྒྱུའི་ཐག་བཅད་པ་རེད།

ཉེ་ཆར། ཨ་རིས་ཀྲུང་གོའི་ཐའེ་ཝན་ས་ཁུལ་ལ་སླར་ཡང་མཚོན་ཆ་འཚོང་རྒྱུའི་ཁྱབ་བསྒྲགས་བྱས་པ་དེ་ནི་ཀྲུང་གོ་གཅིག་གི་རྩ་དོན་དང་། ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་དང་ཚབས་ཆེན་འགལ་བ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་ཚབས་ཆེན་བྱས་པ། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་གནོད་འཚེ་ཚབས་ཆེན་བཏང་བ་རེད།《ཕྱི་རྒྱལ་གྱི་བཀག་སྡོམ་ལ་ངོ་རྒོལ་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》ཀྱི་དོན་ཚན་གསུམ་པ་དང་། དོན་ཚན་བཞི་པ། དོན་ཚན་ལྔ་པ། དོན་ཚན་དྲུག་པ། དོན་ཚན་དགུ་པ། དོན་ཚན་བཅོ་ལྔ་པ་བཅས་ཀྱི་གཏན་འབེབས་གཞིར་བཟུང་། ཀྲུང་གོ་ཕྱོགས་ཀྱིས་གཤམ་གསལ་ཨ་རིའི་དམག་དོན་བཟོ་ལས་ཁེ་ལས་དང་མཐོ་རིམ་དོ་དམ་མི་སྣར་ངོ་རྒོལ་བྱ་ཐབས་སྤྱོད་རྒྱུའི་ཐག་བཅད་གསལ་དུ།

གཅིག ཨན་ཏུའུ་ལིར་ཀུང་སི་དང་། མཚོ་ཐོག་འཐབ་རྩལ་མ་ལག་ཀུང་སི། ཞི་བདེ་རྒྱ་མཚོ་ཆེན་མོའི་མཐའ་འཁོར་འགོག་སྲུང་ཀུང་སི། AEVEXའཇིག་རྟེན་འཕུར་སྐྱོད་ཀུང་སི། LKDའཇིག་རྟེན་འཕུར་སྐྱོད་ཀུང་སི། ཏེང་ཧྥེང་ཚན་རྩལ་ཀུང་སི་སོགས་ཁེ་ལས་6ལ་རང་རྒྱལ་མངའ་ཁོངས་ཀྱི་འགུལ་ནོར་དང་བརྟན་ནོར། དེ་བཞིན་རྒྱུ་ནོར་སྣ་ཚོགས་གཞན་དག་བསྡམས་བཅད་བྱེད་དགོས།

གཉིས། འཇིག་རྟེན་འཕུར་སྐྱོད་ཁོར་ཡུག་ཀུང་སིའི་ཏུང་ཧྲི་ཀྲང་དང་སྤྱི་གཉེར་བ། དབུ་བཞུགས་ལག་བསྟར་དཔོན་ཝ་ཞི་ཏེ་·ན་ཝ་པི། འཇིག་རྟེན་འཕུར་སྐྱོད་ཁོར་ཡུག་ཀུང་སིའི་མཐོ་རིམ་སྤྱི་གཉེར་བ་གཞོན་པ་དང་དབུ་བཞུགས་ནོར་དོན་དཔོན་ཁའེ་ཝུན་·མའེ་ཁེ་ཐང་ནའེ། ཨན་ཏུའུ་ལིར་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་པུའུ་ལའེ་ཨེན་·ཧྲེན་ཕུའུ་ཧྥུ། ཨན་ཏུའུ་ལིར་ཀུང་སིའི་དབུ་བཞུགས་གཉེར་སྐྱོང་དཔོན་མ་ཞིའུ་·ཀེ་ལི་མུའུ། ཨན་ཏུའུ་ལིར་ཀུང་སིའི་གོ་ལ་ཧྲིལ་པོའི་འགོག་སྲུང་གི་མཐོ་རིམ་སྤྱི་གཉེར་བ་གཞོན་པ་ཀེ་ལེ་ཀེ་ལི་·ཁའོ་སི་ནཱ་སོགས་ཁེ་ལས་ཀྱི་མཐོ་རིམ་དཔོན་རིགས་5ཡི་རང་རྒྱལ་གྱི་མངའ་ཁོངས་སུ་ཡོད་པའི་འགུལ་ནོར་དང་བརྟན་ནོར། རྒྱུ་ནོར་སྣ་ཚོགས་གཞན་དག་བསྡམས་བཅད་བྱ་རྒྱུ། རང་རྒྱལ་མངའ་ཁོངས་ནང་གི་རྩ་འཛུགས་དང་སྒེར་པས་ཁོ་ཚོ་དང་འབྲེལ་ཡོད་ཉོ་ཚོང་དང་མཉམ་ལས་སོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག ཁོ་ཚོར་འཐུས་མཆན་འགོད་པའི་ལག་ཁྱེར་མི་སྤྲོད་པ་དང་རྒྱལ་ཁོངས་སུ་འཛུལ་མི་ཆོག(ཞང་ཀང་དང་ཨའོ་མོན་ཚུད་ཡོད།)