འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་16ཉིན།

༄༅།།ལོ་སྟོད་དུ་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་21ཡན་ཟིན་པ།

དུས་མཚུངས་ལས་6.1%འཕར་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་16ཉིན། 09:38】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་21.17ཟིན་པ་དེ་དུས་མཚུངས་ལས་6.1%འཕར་བ་དང་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་སྒོར་དུང་ཕྱུར་ཁྲི་21ལས་ཐེངས་དང་པོར་བརྒལ་ཡོད་པ་རེད། ལོ་སྟོད་དུ་ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་དུས་ཚིགས་རེ་རེ་བཞིན་མགྱོགས་སུ་ཕྱིན་པ་དང་། དེའི་ནང་དུས་ཚིགས་གཉིས་པར་7.4%འཕར་བ་དེ་དུས་ཚིགས་དང་པོ་དང་ན་ནིང་གི་དུས་ཚིགས་བཞི་པ་དང་བསྡུར་ན་བརྒྱ་ཆའི་གྲངས་2.5དང་5.7སོ་སོར་འཕར་ནས་ཕྱི་ཕྱོགས་ཚོང་དོན་ལེགས་སུ་འགྲོ་བའི་འཕེལ་ཕྱོགས་སྔར་བས་སྲ་བརྟན་དུ་ཕྱིན་ཡོད་པ་རེད།(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

     ཕྱིར་གཏོང་དངུལ་འབོར་དང་ནང་འདྲེན་དངུལ་འབོར་ནས་བལྟས་ན། ལོ་སྟོད་དུ་རང་རྒྱལ་གྱི་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་12.13ཟིན་པ་དེ་དུས་མཚུངས་ལས་6.9%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་9.04ཟིན་པ་དེ་དུས་མཚུངས་ལས་5.2%འཕར་ཡོད་པ་རེད།

     ཉོ་ཚོང་བྱེད་སྟངས་ནས་བལྟས་ན། སྤྱིར་བཏང་ཉོ་ཚོང་དང་། ལས་སྣོན་ཉོ་ཚོང་། ཁྲལ་མེད་ཟོག་འགྲེམས་བཅས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཚང་མ་འཕར་ཡོད། ལོ་སྟོད་དུ་ཐོན་ལས་འཁོར་འབྲེལ་དེ་བས་རིང་བ་དང་ཟུར་སྣོན་རིན་ཐང་བལྟོས་བཅས་ཀྱིས་ཅུང་མཐོ་བའི་སྤྱིར་བཏང་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་13.76ཟིན་པ་དེ་དུས་མཚུངས་ལས་5.2%འཕར་བ་དེས་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་རིན་ཐང་བསྡོམས་འབོར་གྱི་65%བཟུང་བ་དང་། ལས་སྣོན་ཉོ་ཚོང་དང་ཁྲལ་མེད་ཟོག་འགྲེམས་རྣམ་པའི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་2.1%དང་16.6%སོ་སོར་འཕར་ཡོད་པ་རེད།

     ཚོང་དོན་རོགས་ཟླའི་ཐོག་ནས་བལྟས་ན། ལོ་སྟོད་དུ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ནི་རང་རྒྱལ་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་ཡིན་པ་དང་། རང་རྒྱལ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གྱི་ཉོ་ཚོང་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་3.36ཟིན་པ་དེ་དུས་མཚུངས་ལས་10.5%འཕར་བ་དེས་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་རིན་ཐང་བསྡོམས་འབོར་གྱི་15.9%བཟུང་བ་དང་། རང་རྒྱལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་10.03ཟིན་པ་དེ་དུས་མཚུངས་ལས་7.2%འཕར་ཡོད་པ་རེད།

    འདི་ལོའི་ལོ་སྟོད་དུ་རང་རྒྱལ་གྱིས་འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་7.14ཟིན་པ་དེ་དུས་མཚུངས་ལས་8.2%འཕར་བ་དེས་ཕྱིར་གཏོང་རིན་ཐང་བསྡོམས་འབོར་གྱི་བཅུ་ཆ་དྲུག་ཙམ་བཟུང་ཡོད། དེའི་ནང་རང་འགུལ་གྱི་གྲངས་གཞི་ཐག་གཅོད་སྒྲིག་ཆས་དང་དེ་བཞིན་ལྷུ་ལག་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་6837.7ཟིན་པ་དེ་དུས་མཚུངས་ལས་10.3%འཕར་བ་དང་། འདུས་གྲུབ་གློག་ལམ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་5427.4ཟིན་པ་དེ་དུས་མཚུངས་ལས་25.6%འཕར་བ། རླངས་འཁོར་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་3917.6ཟིན་པ་དེ་དུས་མཚུངས་ལས་22.2%འཕར་ཡོད་པ་རེད།