འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་15ཉིན།

༄༅།།བོད་ལྗོངས་གཉའ་ནང་རྫོང་གི་རྒྱལ་སྒོའི་ཏང་འཛུགས་སྐྱོང་ཆེ་མོའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་15ཉིན། 14:32】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། བོད་ལྗོངས་ ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་གིས“ཇོ་མོ་གླང་མས་སྣེ་ཁྲིད་བྱེད་པའི་མཐའ་མཚམས་གསར་བརྗེའི་འགག་སྒོའི”རྒྱལ་སྒོའི་ཏང་འཛུགས་སྐྱོང་ཆེ་མོའི་འགོ་ཚུགས་མཛད་སྒོ་གཉེར་བ་དང་འབྲེལ། རྒྱལ་སྒོའི་ཏང་འཛུགས་སྐྱོང་ཆེ་མོ་གཞི་གཅིག་ཅན་གྱི“ཏང་ཨུད་ཆེ་མོ”དང་རྒྱལ་སྒོའི་ཏང་གི་སློབ་གྲྭའི་སྒོ་བྱང་གི་ཡོལ་ཁེབས་ཕྱེ་བ་དང་། དེ་ཐོག་ནས་གཉའ་ནང་རྫོང་གི་རྒྱལ་སྒོའི་ཏང་འཛུགས་སྐྱོང་ཆེ་མོའི་ལས་དོན་དུས་མཚམས་གསར་པར་སླེབས་ནས་གཞིས་རྩེ་གྲོང་ཁྱེར་གྱི“ཇོ་མོ་གླང་མས་སྣེ་ཁྲིད་བྱེད་པའི་རྒྱལ་སྒོའི་ཏང་འཛུགས་སྐྱོང་གི་དཔེ་སྟོན་ཁུལ”གཏོད་པའི་ལས་དོན་སྔར་བས་སྤེལ་ཟབ་ཏུ་ཕྱིན་པ་མཚོན་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་གཉའ་ནང་རྫོང་གིས་རྒྱལ་སྒོའི་ཏང་འཛུགས་སྐྱོང་ཆེ་མོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། “སེམས་ནུས་གཅིག་སྒྲིལ”གྱིས་ཆབ་སྲིད་ཀྱི་བླ་སྲོག་གཏོད་པ་དང་། “སྟོབས་ཤུགས་ཆེ་རུ་བཏང”ནས་རྩ་བ་བརྟན་དུ་གཏོང་བ། “ཐོན་ལས་ཕན་ནུས་ཆེ་རུ་བཏང”ནས་མཐའ་དར་དམངས་ཕྱུག་ཡོང་བ། “མཉམ་འགོག་མཉམ་སྡོམ”གྱིས་དམག་འཐབ་མཁར་རྫོང་སྐྲུན་པ། “སྣ་མང་ཕྱོགས་བསྡུས”ཀྱིས་དཔེ་སྟོན་གསར་གཏོད་བཅས་བྱེད་པའི་བྱ་སྤྱོད་ཁག་5ལག་ལེན་ཤུགས་ཆེན་བསྟར་བ་དང་། རྒྱལ་དར་ཨ་མ་རྒན་མོའི་གསར་བརྗེའི་སློབ་གསོའི་རྟེན་གཞི་དང་། དམངས་ཕན་ཞབས་ཞུའི་འཐབ་ས། འགག་སྒོ་སྒྲོལ་བའི་ལས་ཆོད་ཞབས་ཞུའི་འཐབ་ས་སོགས་ཏང་འཛུགས་སྐྱོང་གི་འཐབ་སའི་ཕྱོགས་བསྡུས་རིགས་18མཉམ་དུ་གཏོད་པ། མཉམ་ཞུགས་དང་། མཉམ་འགོག མཉམ་སྡོམ། མཉམ་སྦྱོང་། མཉམ་འགུལ་སོགས་མཉམ་གཏོད་མཉམ་འཛུགས་ཀྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། མཐའ་མཚམས་ཏང་འཛུགས་སྐྱོང་གི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་བཅས་བྱས་ཏེ་འགག་སྒོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱས་ཡོད་པ་རེད།