འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་15ཉིན།

༄༅།།2024ལོའི་གྲངས་འཛིན་དཔལ་འབྱོར་གླེང་སྟེགས་འཚོགས་པ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་15ཉིན། 09:43】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་12ཉིན་གློག་འཕྲིན་འབྱོར་གསལ། 2024ལོའི་གྲངས་འཛིན་དཔལ་འབྱོར་གླེང་སྟེགས་ཟླ་7ཚེས་12ཉིན་པེ་ཅིང་དུ་འཚོགས་པ་རེད། ད་ཐེངས་ཀྱི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་བཏང་སྟེ་གྲངས་འཛིན་དཔལ་འབྱོར་ལེགས་སུ་དང་སྟོབས་ཆེར་གཏོང”ཞེས་པ་དེ་ཡིན་ཞིང་། ཚོགས་ཞུགས་སྐུ་མགྲོན་ཚོས་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་པོ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་སྤེལ་རེས་དང་གྲོས་བསྡུར་གཏིང་ཟབ་བྱས་པ་རེད། མི་དམངས་ཉིན་རེའི་ཚགས་པར་ཁང་གི་ཧྲེ་ཀྲང་གཞོན་པ་ཧུའུ་ཀུའོ་དང་ཀྲུང་གོ་རྒྱལ་སྤྱིའི་དཔལ་འབྱོར་སྤེལ་རེས་ལྟེ་གནས་ཀྱི་ལས་འཛིན་པ་གཞོན་པ་ཝང་དབྱི་མིང་སོགས་གླེང་སྟེགས་ལ་ཞུགས་ཡོད་པ་རེད།

     ཚོགས་ཞུགས་སྐུ་མགྲོན་ཚོས། ས་ཁུལ་ཁག་དང་། སྡེ་ཚན་ཁག ལས་རིགས་ཁག་བཅས་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམིགས་ཏེ་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་དང་། གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། འབྱུང་འགྱུར་ཐོན་ལས་དེང་བརྒལ་བཀོད་སྒྲིག་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། དངོས་ཚན་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་མཉམ་འདྲེས་ཀྱི་ཕན་ནུས་ཁྱོན་ཡོངས་ནས་འདོན་སྤེལ་བྱས་ནས། ཡུལ་བབ་དང་བསྟུན་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས་ཞེས་བརྗོད་པ་རེད།