འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་15ཉིན།

༄༅།།འདི་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དུས་བབ་བརྟན་པོ་བྱུང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་15ཉིན། 09:42】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་12ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་སུ་ཐོན་སྐྱེད་བདེ་འཇགས་ལས་འཛོལ་ཐོན་ཚད་དང་རྐྱེན་ལམ་དུ་ཤོར་བའི་མི་གྲངས“གཉིས་ཆག”རྒྱུན་འཁྱོངས་ཐུབ་ཅིང་། ཁྱོན་ཐོན་སྐྱེད་བདེ་འཇགས་ལས་འཛོལ་སྣ་ཚོགས་9229ཐོན་པ་དང་མི་8507རྐྱེན་ལམ་དུ་ཤོར་བ་དེ་དུས་མཚུངས་ལས་26.2%དང་19.3%སོ་སོར་ཆག་ཡོད་པ་རེད།

    འཕྲལ་སྡོམ་དོ་དམ་པུའི་གསར་འགྱུར་མགྲིན་ཚབ་པ་གསར་འགྱུར་དྲིལ་བསྒྲགས་སིའི་སི་ཀྲང་ཧྲེན་ཀྲན་ལིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་སྟོད་དུ་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དུས་བབ་བརྟན་ཐོག་ཡར་འཕེལ་གྱི་ཁྱད་ཆོས་མངོན་པ་སྟེ། གཅིག་ནས་ལས་འཛོལ་ཚབས་ཆེན་ཐོན་ཉུང་དུ་ཕྱིན་ཞིང་། ལོ་སྟོད་དུ་ལས་འཛོལ་ཚབས་ཆེན་ཐེངས་5ཐོན་པ་དེ་དུས་མཚུངས་ལས་ཐེངས4ཉུང་དུ་ཕྱིན་པ་དང་མི་94རྐྱེན་ལམ་དུ་ཤོར་བ་དེ་དུས་མཚུངས་ལས་མི་100ཉུང་དུ་ཕྱིན་པ་དང་། གཉིས་ནས་ལས་རིགས་ཁག་གཅིག་གི་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། རྫས་འགྱུར་བཟོ་ལས་དང་བཟོ་ཚོང་ལས་རིགས་ལ་ལས་འཛོལ་ཚབས་ཆེན་ཐོན་མེད་པ་དང་། ཨར་སྐྲུན་ལས་རིགས་ཀྱི་ལས་འཛོལ་ཚབས་ཆེན་ཐོན་ཚད་དུས་མཚུངས་ལས་ཉུང་དུ་ཕྱིན་པ། གསུམ་ནས་ཁྱབ་ཁོངས་ཁག་གཅིག་གི་ཆེད་དོན་བཅོས་སྒྲིག་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཅིང་། འབར་རླངས་ཁྱབ་ཁོངས་སུ་ལས་འཛོལ་ཚབས་ཆེན་ཐོན་མེད་པ་དང་བཟོ་ཚོང་ལས་རིགས་ཀྱི་ཚད་ཡོད་བར་སྟོང་ཅུང་ཆེ་བའི་ལས་འཛོལ་ཐོན་མང་བའི་གནས་ཚུལ་བཀག་འགོག་ནུས་ལྡན་ཐུབ་པ། བཞི་ནས་ས་ཁུལ་མང་ཆེ་བའི་བདེ་འཇགས་དུས་བབ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཞིང་། ཞིང་ཆེན་རིམ་པའི་བསྡོམས་རྩིས་ཚན་པ་32ཁྲོད་29ཡི་ལས་འཛོལ་ཐོན་ཚད་དང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་དུས་མཚུངས་ལས་ཉུང་དུ་ཕྱིན་ཡོད་པ་རེད།