འཚོལ་བཤེར།   
藏文频道
2024ལོའི་ཟླ་7ཚེས་14ཉིན།

༄༅།།ཞི་ཅིན་ཕིང་གིས་སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་མ་ནེ་ལའེ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2024ལོའི་ཟླ་ 07ཚེས་14ཉིན། 10:29】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

ཟླ་7ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་མ་ནེ་ལའེ་དང་མཇལ་འཛོམས་གནང་བ།

ཟླ་7ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་མ་ནེ་ལའེ་དང་མཇལ་འཛོམས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་མ་ནེ་ལའེ་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་སོ་ལོ་མོན་གླིང་ཚོམ་ནི་གྲོགས་པོ་བཟང་པོ་དང་། རོགས་ཟླ་ཡག་པོ། སྤུན་གྲོགས་བཟང་པོ་བཅས་སུ་བརྩིས་ནས་སོ་ལོ་མོན་གྱིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ལམ་བུར་བསྐྱོད་དེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་སོ་ལོ་མོན་གླིང་ཚོམ་དང་མཉམ་དུ་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་སོ་ལོ་མོན་གླིང་ཚོམ་གྱི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་ཡོང་བར་སྐུལ་འདེད་བཏང་སྟེ་གྲོང་གསེབ་འཕེལ་རྒྱས་དང་། སྨན་བཅོས་ཞབས་ཞུ། རྨང་གཞིའི་སྒྲིག་བཀོད། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་བྱེད་ཟབ་ཏུ་བཏང་ནས། ལག་གདང་སྦྲེལ་ཏེ་དུས་རབས་གསར་པར་ཀྲུང་གོ་དང་སོ་ལོ་མོན་གླིང་ཚོམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་བཏོད་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་འདོད་ཡོད་ཅེས་གསུངས།

    ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་ཁག་ཆེ་ཆུང་དང་། དྲག་ཞན། དབུལ་ཕྱུག་བཅས་ཀྱི་དབྱེ་བ་མེད་པར་ཚང་མ་འདྲ་མཉམ་ཡིན་པའི་འདོད་ཚུལ་འཛིན་གྱི་ཡོད། ཀྲུང་གོས་སོ་ལོ་མོན་གླིང་ཚོམ་སོགས་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་དང་མཛའ་མཐུན་མཉམ་ལས་བྱེད་པ་ནི་ལྷག་བསམ་ཟོལ་མེད་ངང་གླིང་ཕྲན་རྒྱལ་ཁབ་ལ་འཕེལ་རྒྱས་མངོན་འགྱུར་ཡོང་བར་རོགས་རམ་བྱེད་པ་ཞིག་དང་། “ལྷོ་ལྷོ་མཉམ་ལས”སྒྲོམ་གཞིའི་ནང་ཕན་ཚུན་རོགས་རམ་བྱེད་པ་ཞིག “གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཐུན་མོང་འཕེལ་རྒྱས་གཏོང་བའི་ཁོངས་སུ་གཏོགས་པ་ཞིག་བཅས་ཡིན་པ་ལས། ཕྱོགས་གསུམ་པར་དམིགས་པ་ཞིག་མིན་ལ་སྒེར་གྱི་ཁེ་ཕན་གང་རུང་ཐོབ་རེ་བྱེད་ཀྱི་མེད། ཀྲུང་གོ་ཕྱོགས་ཀྱིས་སོ་ལོ་མོན་གླིང་ཚོམ་ལ་འཕེལ་རྒྱས་མངོན་འགྱུར་ཡོང་བར་ནུས་པས་ལྕོག་ཚོད་ཀྱིས་རོགས་རམ་མུ་མཐུད་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་དང་། ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གླེང་སྟེགས་སོགས་ཕྱོགས་མང་སྒྲིག་གཞིའི་ཁྲོད་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱ་འདོད་ཡོད་ཅེས་གསུངས།

    མ་ནེ་ལའེ་ཡིས་རང་ཉིད་ད་རེས་ཀྲུང་གོར་འཚམས་འདྲི་ཡོང་བའི་འགོ་ཧྥུའུ་ཅན་ནས་བཙུགས་པས། ཀྲུང་གོའི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་མྱོང་ཚོར་ཟབ་མོ་ཐུབ་བྱུང་ལ། སོ་ལོ་མོན་གླིང་ཚོམ་དང་ཀྲུང་གོའི་དབར་གྱི་མཉམ་ལས་ལ་གཏིང་ཤུགས་ཆེན་པོ་དང་མདུན་ལམ་རྒྱ་ཆེ་ལྡན་པའང་ཚོར་ཐུབ་བྱུང་། ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མིག་དཔེ་བསྟན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་གི་གྲོས་འགོ་འདོན་པ་དང་། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱེད་པ། “ཤོག་ཁག་ཆུང་ངུ”མི་སྒྲིག་པ། ས་འབྲེལ་ཆབ་སྲིད་མི་སྤེལ་བ། རྒྱལ་ཁབ་གཞན་ལ་རང་གི་ལངས་ཕྱོགས་སུ་བཙན་ཐབས་ཀྱིས་ལངས་དགོས་པའི་རེ་བ་མི་འདོན་པ་བཅས་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པའི་འདོད་ཚུལ་བཏོན་ལ། ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཅས་བཏོན་གནང་བ་དེས་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་ཐུན་མོང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཐུབ་རྒྱུར་ཕན་པ་བྱུང་ལ། སོ་ལོ་མོན་གླིང་ཚོམ་འདི་ལྟ་བུའི་རྒྱལ་ཁབ་ཆུང་ངུར་ཡང་ལྷག་པར་དོན་སྙིང་གལ་ཆེན་ལྡན་ཡོད། དེ་དག“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཞུགས་པ་ལས་བྱུང་བ་ཞིག་ཡིན་ལ། སོ་ལོ་མོན་གླིང་ཚོམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ལའང་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་ཡོད། སོ་ལོ་མོན་གླིང་ཚོམ་གྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་བརྟན་པོར་བསྲུངས་ཏེ། རྣམ་པ་གང་རུང་གི“ཐའེ་དབན་རང་བཙན”ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་ཡོང་བར་འབད་བརྩོན་བྱས་པ་མཐའ་དག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། སོ་ལོ་མོན་གླིང་ཚོམ་གྱིས་སོ་ལོ་མོན་གླིང་ཚོམ་དང་ཀྲུང་གོ་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་ནས་སོ་ལོ་མོན་གླིང་ཚོམ་དང་ཀྲུང་གོའི་དབར་གྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས།

     ཕྱོགས་གཉིས་པོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སོ་ལོ་མོན་གླིང་ཚོམ་གཉིས་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་ནས། ཀྲུང་གོ་དང་སོ་ལོ་མོན་གླིང་ཚོམ་གཉིས་ཀྱིས་དུས་རབས་གསར་པར་ཕན་ཚུན་བརྩི་འཇོག་དང་ཐུན་མོང་འཕེལ་རྒྱས་གཏོང་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་ནས་དུས་རབས་གསར་པར་ཀྲུང་གོ་དང་སོ་ལོ་མོན་གླིང་ཚོམ་དབར་གྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་མོས་མཐུན་མགྲིན་གཅིག་ཏུ་བྱས་པ་རེད།